ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གི་རྨ་ཆུའི་ཟམ་ཆེན་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200107035000634.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་རྒྱལ་ལམ345ལམ་ཐིག་སྟེང་གི་ཀན་སུའུ་རྨ་ཆུ་ནས་མཚོ་སྔོན་གཅིག་སྒྲིལ་རྨ་ཆུ་ནས་གཅིག་སྒྲིལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་རྨ་ཆུའི་ཟམ་ཆེན་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་དངོས་སུ་ཤར་གཏོང་ཐུབ་པ་རེད། 

20200107035013734.jpg

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུ་ནས་གཅིག་སྒྲིལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ནི་རྨ་ཆུའི་གཞུང་ལམ་དྲ་རྒྱ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། རྨ་ཆུ་རྫོང་གི་རྨ་ཆུའི་ཟམ་ཆེན་ནི་རྣམ་གྲངས་འདིའི་ཚོད་འཛིན་རང་བཞིན་གྱི་ལས་གཞི་ཞིག་ཡིན། ཟམ་ཆེན་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3410ཡོད་པའི་རྨ་ཆུ་རྫོང་གྲོང་གི་ནུབ་འདབས་སུ་གནས་ཡོད་ཅིང་།དེ་ནི་རྨ་ཆུའི་སྟོད་རྒྱུད་ཀན་སུའུ་ལམ་དུམ་གྱི་ཟམ་པ་ཆེ་ཤོས་ཡིན་ལ། 2016ལོའི་ཟླ11པར་ལས་འགོ་བརྩམས་པ་དང་ལམ་ཐག་སྤྱིའི་རིང་ཚད་ལ་སྨི1011.25ཡོད། ཟམ་ཆེན་དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་བརྒལ་ཚད་ཆེ་ཤོས་ཀྱི་ཟམ་པའི་འགན་རྩའི་ལས་གཞི་ཞིག་ཡིན་ལ། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན། 

20200107035036212.jpg

ཟམ་ཆེན་ཤར་གཏོང་ཐུབ་པ་དེས1979ལོར་འཛུགས་སྐྲུན་བྱས་པའི་རྨ་ཆུ་རྫོང་གི་རྨ་ཆུའི་ཟམ་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནོན་ཤུགས་ཐག་གཅོད་བྱུང་བ་དང་། ཉེ་འཁོར་གྱི་རྫོང་དང་གྲོང་ཁྱེར་གྱི་ཚོང་དོན་འཁོར་རྒྱུག་ལ་མཐུན་རྐྱེན་ལེགས་པོ་སྐྲུན་ཡོད་ལ། རྨ་ཆུའི་ས་བབ་ཀྱི་ལེགས་ཆ་ཆེ་རུ་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་འགྲིམ་འགྲུལ་གྱི་འགན་ལེན་ཁག་ཐེག་བྱས་ཡོད། 

20200107035057507.jpg

20200107035110213.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།