ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས“འགན་བཅོལ+ཚན་རྩལ”ལ་བརྟེན་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་བདེ་འཇགས་དྲ་བ”བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125347002_15762984446211n.jpg

འདི་ནི་གན་འཇོག་མཛད་སྒོའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན། ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ཡིས་ཀྲུང་གོའི་སྲོག་རྟེན་རྒྱུ་ནོར་འགན་བཅོལ་ཀན་སུའུ་ཞིང་ཆེན་ཡན་ལག་ཀུང་སི་དང་ཧྲང་ཧའེ་ཅན་ཝེ་ལི་པའོ་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་དུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འགན་བཅོལ་དང་ཚན་རྩལ་ལ་བརྟེན་ནས་ཀན་སུའུ་ཞིང་ཆེན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་རོགས་རམ་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་ཞུགས་པའི་རིག་དངོས་སྲུང་སྐྱོབ་གསར་གཏོད་ལམ་སྲོལ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་མེ་སྐྱོན་གྱི་དོན་རྐྱེན་མང་པོ་བྱུང་ནས་མིའི་རིགས་ཀྱི་དཔལ་ཡོན་རྒྱུན་འཛིན་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ཀན་སུའུ་ཞིང་ཆེན་ནི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་ལ་དེར་རིགས་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། རིན་ཐང་ཆེ་བའི་རིག་དངོས་ཤུལ་བཞག་ཡོད། ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་འདི་དག་བདེ་འཇགས་ཡོང་རྒྱུར་ཇི་ལྟར་འགན་ལེན་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཁྲོད་གནོད་འཚེ་དང་གྱོང་གུན་ཕོག་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

1125347002_15762984446591n.jpg

ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་མཱ་ཡུས་ཕིང་གིས་གཏན་བཤད་གནང་བཞིན་པ། 

ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་མཱ་ཡུས་ཕིང་གིས་རྒྱལ་ཡོངས་ཀྱི་རིག་དངོས་འགན་བཅོལ་ཁྲོམ་ར་ད་དུང་འཚོལ་ཞིབ་ཀྱི་དུས་མཚམས་སུ་གནས་པ་དང་རིག་དངོས་ལ་འགན་བཅོལ་གྱི་མ་དངུལ་གཏོང་ཚད་ཧ་ཅང་དམའ་བ་རེད། ད་ཐེངས་མཉམ་ལས་ཀྱི་དམིགས་ཡུལ་ནི་འགན་བཅོལ་ཀུང་སིའི་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་ནུས་པ་དང་ཚན་རྩལ་ཀུང་སིའི་ལྟ་ཞིབ་ཚད་ལེན་ཞབས་ཞུར་བརྟེན་ནས་རིག་དངོས་སྡེ་ཚན་ལ་དོ་དམ་སྲུང་སྐྱོང་གི་ཐབས་ཇུས་དཔྱད་གཞི་མཁོ་འདོན་བྱས་ཏེ“ཉེན་ཁ་མཉམ་འཁུར་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན། ཚན་རིག་དང་མཐུན་པའི་ཐབས་ཇུས”བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཕྱོད་དེ་བས་མཐོ་བ་དང་འགན་སྲུང་ནུས་པ་དེ་བས་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།