ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་དཔག་བྱས་པ་ལྟར་ན་ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ཟླ12པར་དངོས་སུ་གཉེར་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཏུན་ཧོང་ནས་གོར་མོ་བར་གྱི་ལྕགས་ལམ་ལས་གྲྭའི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཟླ11ཚེས27་དང28ཉིན་སྒུལ་རྣམ་ཞིབ་དཔྱད་ཚད་ལེན་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཟླ12པར་དངོས་སུ་གཉེར་སྐྱོང་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

ཏུན་གོར་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་ཤིང་། བྱང་ཏུན་ཧོང་འབབ་ཚུགས་ནས་འགོ་བཙུགས་ཏེ་ཨ་ཁེ་སེ་དང་སུའུ་པའེ་བརྒྱུད་ནས་མདོ་ལ་རིང་མོ་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་དུ་སླེབས་ཤིང་། ཡུས་ཁ་དང་ཏ་ཁྲའེ་ཏན་བརྒྱུད་མཚོ་བོད་ལྕགས་ལམ་གྱི་ནུབ་དུམ་བུའི་དབྱིན་མ་ཞ་འབབ་ཚུགས་སུ་སླེབས་ཀྱི་ཡོད། ལམ་ཐག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ509ཡོད་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་134.8བཏང་ཡོད་ཅིང་། 2012ལོའི་ཟླ་12ནས་སྐྲུན་འགོ་ཚུགས་པ་དང་ལམ་ཐིག་ཧྲིལ་པོར་ཏ་ཁྲའེ་ཏན་དང་ཡུས་ཁ་སོགས་འབབ་ཚུགས་25བསྐྲུན་ཡོད། ཏུན་གོར་ལྕགས་ལམ་ནི་རྒྱལ་ཁབ་ལྕགས་ལམ་Iརིམ་པའི་གློག་རླངས་ཅན་གྱི་ལམ་ཐིག་རྐྱང་པ་ཡིན་པ་དང་གཤིབ་ལམ་བསྐྲུན་རྒྱུའི་ཆ་རྐྱེན་ཡང་བསྐྲུན་ཡོད། ལམ་ཐིག་གི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་120ཇུས་འགོད་བྱས་པ་དང་ལྗིད་ཚད་ཏུན4000དབོར་འདྲེན་ཐུབ་རྒྱུ་རེད།

ཏུན་གོར་ལྕགས་ལམ་ནི་མཚོ་བོད་དང་ལན་ཤིན་ལམ་ཐིག་གཙོ་བོའི་དབར་གྱི་སྦྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་པ་དང་། ལས་གྲྭ་འཛུགས་སྐྲུན་གྱིས་ནུབ་རྒྱུད་ལྕགས་ལམ་དྲ་བའི་བཀོད་པ་འཐུས་སྒོ་ཚང་དུ་དང་མཚོ་བོད་ལྕགས་ལམ་གྱི་དབོར་འདྲེན་ནུས་པ་ཤུགས་ཆེར་བཏང་ནས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཕྱི་ཕྱོགས་སུ་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་ཕྱི་ཕྱོགས་སུ་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་ལམ་ཐིག་བརྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པར་ལྕགས་ལམ་དབོར་འདྲེན་གྱི་དགོས་མཁོ་བསྐང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།