ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་འགུལ་རིམ་པ5.7བྱུང་།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191028112016fNJv.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཅུ་བའི་ཚེས28ཉིན་གྱི་ཐོ་རེངས་ཆུ་ཚོད1དང་སྐར་མ56ཐོག  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་འགུལ་རིམ་པ5.7བྱུང་པ་དང་། གཏིང་ཚད་སྟོང་སྨི10ཟིན་ཡོད།  ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དང་།  བསང་ཆུ་རྫོང་དུ་ཚོར་སྣང་ཧ་ཅང་ཆེན་པོ་ཡོད་ཅིང་།  ཐན་ཧྲུའེ་གྲོང་ཁྱེར་དང་།  ལན་ཀྲུའུ་གྲོང་ཁྱེར་དུའང་སྣང་ཚོར་མངོན་གསལ་ཡོད། ས་འགུལ་གྱི་གནོད་འཚེ་བྱུང་རྗེས།  བསང་ཆུ་རྫོང་གྲོང་གི་མང་ཚོགས་རྣམས་རྒྱ་སྲང་དུ་ཉེན་གཡོལ་བྱེད་པར་ཐོན་ཡོད།  མིག་སྔར།  ཞང་དང་གྲོང་རྡལ་ཁག་གིས་གནོད་འཚེའི་གྱོང་གུན་བསྡོམ་རྩིས་རྒྱག་བཞིན་ཡོད་པ་དང་།  མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་རེད། 

20191028112016b9iO.jpg

20191028112016L9ck.jpg

20191028112017YhjC.jpg

20191028112015c30n.jpg

20191028112015DYTi.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།