ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུས“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུས “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་ཤིང་། ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མུའུ་པའོ་མཛད་སྒོར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོས་མཛད་སྒོའི་གཙོ་འགན་ཁུར།

ཡུས་ཁྲིན་ཧུའེ་ཡིས་བརྗོད་དོན་སློབ་གསོའི་དཔེ་ཀློག་གི་འཛིན་གྲྭ་བསྡུས་པ་འདི་ནི། སློབ་སྦྱོང་བྱེད་པའི་སྲོལ་བཟང་དར་སྤེལ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བརྩི་བ་སྣེ་ཁྲིད་བྱས་ཤིང་། ལྷག་བསམ་བློ་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། སྔར་ལས་ལྷག་པར་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འཐབ་རྩོད་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་གི་བླང་བྱ་དང་དུས་རབས་མདུན་སྐྱོད་ཀྱི་གོམ་སྟབས། བྱ་གཞག་འཕེལ་རྒྱས་བཅས་ཀྱི་དགོས་མཁོ་ཡི་རྗེས་ཟིན་དགོས་ཞེས་ནན་གྱིས་བསྟན། 

འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་ཐོག ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཝང་ཡ་ཆང་གིས་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་གནང་།

ཡུས་ཁྲིན་ཧུའེ་དང་ཧོ་མུའུ་པའོ་སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་བདམས་བསྒྲིགསཁག་སོ་སོར་སློབ་སྦྱོང་བྱས་པ་རེད། 

བགྲོ་གླེང་ཞིབ་འཇུག་ཁྲོད་དུ། ཨན་ཅིན་ལུང་དང་བཀྲ་ཤིས་འཚོ། ཧོ་མུའུ་པའོ། དབྱང་ཅུན། ཧྲི་ཡོན་ཧྥུན། ཧྲི་ཀྲན་ལིའང་། ལུའི་ཀྲེ་ཅུན་བཅས་ཀྱིས ཞི་ཅིན་ཕིང་གི “ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་བདམས་བསྒྲིགསདང ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་རྩ་གནདསོགས་ཀྱི་ནང་དོན་སློབ་སྦྱོང་ལ་དམིགས་ནས་གཏམ་བཤད་བརྗེ་རེས་བྱས། 

ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ཁུལ་ཨུའི་རྒྱུན་ཨུས “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ་དང་འབྲེལ་ནང་དོན་དང་རྣམ་པ་གསར་གཏོད་བྱས་ཏེ་གཅིག་སྡུད་སློབ་སྦྱོང་གི་ཆེད་དོན་བགྲོ་གླེང་དང་དུས་མཚུངས་གྲོང་གསེབ་ཡུལ་སྐོར་དང་དབུལ་སྐྱོར་འཁོར་ཁང་གི་བྱེད་སྒོ་དང་མཉམ་འདྲེས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་དང་ནུས་པ་མཐོར་འདེགས། སྤྱོད་ཚུལ་ལེགས་བཅོས། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གསལ་བོར་མངོན། 

ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཁྲིམས་ཁང་གི་འགོ་གཙོ་དང་ཁུལ་ཞིབ་དཔྱོད་ཁང་གི་འགོ་གཙོ། ཁུལ་དམངས་ཆེན་རྒྱུན་ཨུའི་དྲུང་ཡིག་ཆེན་མོ། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གཟའ་འཁོར་གཅིག་གི་གཅིག་སྡུད་སློབ་སྦྱོང་ནང་ཞུགས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།