ཀྲུང་གོ་བོད་ཀྱི་དྲ་བ།

ཐང་རེན་ཅན་གྱིས་འབྲུག་ཆུ་རྫོང་ཡ་ཧུ་ཁའི་རི་ཉིལ་བའི་འཕྲལ་བསྟུན་ཐག་གཅོད་བྱ་བར་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱིས་འབྲུག་ཆུ་རྫོང་ཏུང་ཧྲན་གྲོང་རྡལ་ཞེ་ཅ་སྡེ་བའི་ཡ་ཧུ་ཁའི་རི་ཉིལ་བའི་འཕྲལ་བསྟུན་ཐག་གཅོད་བྱ་བར་ཡུལ་དངོས་ཞིབ་བཤེར་བྱས། ཁོང་གིས་མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རི་ཉིལ་ངོས་ཀྱི་ཐག་གཅོད་བྱ་བ་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

དང་ཐོག་ཐང་རེན་ཅན་ཏུང་ཧྲན་གྲོང་རྡལ་ཞེ་ཅ་སྡེ་བའི་ཡ་ཧུ་ཁའི་རི་ཉིལ་སར་ཡོང་ནས་རི་ཉིལ་ངོས་ཀྱི་ས་དབྱིབས་དང་ཆུའི་གནས་ཚུལ་ལ་བལྟས་པ་དང་། ས་བཀྲ་དང་རི་ཉིལ་ངོས་ཀྱི་ས་དབྱིབས་ཞིབ་བསྡུར་བྱས་ནས་རི་ཉིལ་ངོས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།

དེའི་རྗེས་ཐང་རེན་ཅན་གྱིས་འབྲུག་ཆུ་རྫོང་དུ་གྲོས་ཚོགས་བསྡུས་ཏེ་ཀན་ལྷོ་ཁུལ་དང་ཞིང་ཆེན་འཕྲལ་བསྟུན་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་ཡར་ཞུའི་གནས་ཚུལ་ལ་ཉན་ཞིང་དུས་སྐབས་སྔ་མའི་ཐག་གཅོད་བྱ་བར་ཁས་ལེན་གང་ལེགས་བྱས། ཐང་རེན་ཅན་གྱིས་མིག་སྔར་རི་ཉིལ་ཚད་སྤྱིའི་ཆ་ནས་ཇེ་དལ་དུ་ཕྱིན་མོད། འོན་ཀྱང་སྣང་ཆུང་གཏན་ནས་བྱེད་མི་རུང་བར་གནམ་གཤིས་ཀྱི་འགྱུར་ལྡོག་རྒྱུན་ལྡན་མིན་པ་དང་རི་ཉིལ་ངོས་ཀྱི་མི་མངོན་པའི་ཤུགས་རྐྱེན་ཁྱབ་རྒྱ་ཆེ་རུ་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བཏང་ནས་དོགས་ཟོན་ཆེན་པོ་བྱེད་པ་དང་། ཆེད་མཁས་པའི་མཛུབ་ཁྲིད་འོག་བྱེད་ཐབས་སྣ་མང་སྤྱད་ནས་ཉེན་ཁའི་གནས་ཚུལ་སེལ་གང་ཐུབ་བྱ་དགོས། མི་སྣའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མ་མཐའི་མཚམས་ཐིག་ཆེ་ཤོས་དང་བྱ་བ་གལ་ཆེ་ཤོས་སུ་བརྩིས་ནས་མང་ཚོགས་གནས་སྤོ་ཡག་པོ་བྱེད་པ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་དངོས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་མེད་པར་མ་བཟོས་གོང་མང་ཚོགས་གཅིག་ཀྱང་ཕྱིར་འཐེན་བྱེད་དུ་གཏན་ནས་འཇུག་མི་རུང་། འབྲེལ་མེད་མི་སྣ་ཉེན་ཁའི་ཁུལ་དུ་འཛུལ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཡུལ་དངོས་རོགས་སྐྱོབ་མི་སྣས་ཀྱང་རང་ངོས་ཀྱི་བདེ་འཇགས་འགན་ལེན་ཡག་པོ་བྱ་དགོས། འབྲེལ་ཡོད་ཕྱོགས་ཁག་སོ་སོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་དགོས་པ་དང་། གོང་འོག་ཚང་མ་ཚད་མཐོའི་མ་གྲོས་གཅིག་མཐུན་ཆགས་པ་བྱེད་དགོས་ལ། འཁོར་སྐྱོད་ནུས་ཆེའི་ལས་ཀའི་ལམ་སྲོལ་བཙུགས་ནས་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ལ་བློ་གཏད་ཆོག་པ་དང་། བརྟེན་ཆོག་པ། བེད་སྤྱོད་ཐུབ་པ་བཅས་འགན་ལེན་བྱ་ཞེས་ནན་གྱིས་བསྟན།

ཐང་རེན་ཅན་གྱིས་ད་ལྟ་ནི་འཕྲལ་བསྟུན་ཉེན་སེལ་གྱི་དུས་སྐབས་ཡིན་པས་ཚང་མས་རང་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ་བྱེད་པ་དང་། རང་འགན་གཙང་སྒྲུབ་མ་བྱས་པ་དང་ཐ་ན་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་ནས་མཇུག་འབྲས་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཞེས་ནན་གྱིས་བསྟན།

ཀན་སུའུ་ཞིང་ཆེན་གྱི་ཐོལ་བྱུང་ས་གཤིས་གནོད་འཚེའི་འཕྲལ་བསྟུན་སྔོན་ཇུས》ཀྱི་གཏན་འབེབས་གཞིར་བཟུང་། ཚོགས་འདུའི་ཐོག་ཐོལ་བྱུང་ས་གཤིས་གནོད་འཚེ་རིམ་པ་གཉིས་པས་དང་ལེན་བྱ་རྒྱུ་གཏན་འབེབས་བྱས། དེ་དང་ཆབས་ཅིག་ཧྲིན་ཀྲང་གི་གྲ་སྒྲིག་དངུལ་སྤྱད་དེ་དགོས་ངེས་ཀྱི་མ་དངུལ་རྒྱབ་སྐྱོར་བྱ་རྒྱུ་གཏན་འབེབས་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཧྲིན་ཀྲང་གཞོན་པ་ལི་ཕེ་ཞིང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཀྲི་ཞུན་བཅས་འབྲེལ་བྱ་འགུལ་དུ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།