ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་རིང་ཀན་ལྷོ་ཁུལ་གྱིས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ70ཡི་རིང་དཀའ་ངལ་ཁྱད་བསད་བྱས་པ་དང་། ལོ70ཡི་ཆར་རླུང་མཉམ་དུ་ལྡང་བ། 2019ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་། ཀན་ལྷོའི་གོང་འཕེལ་ཉིན་རེ་བཞིན་རྣམ་པ་གསར་བ་ཐོན་པ་དང་། སློབ་གསོའི་བྱ་གཞག་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་།

མི་རིགས་སློབ་གསོ་དེ་དཀའ་ཚེགས་ཆེ་བ་ནས་འགོ་བཙུགས་ཏེ་རིམ་བཞིན་སླར་གསོ་བྱུང་བ་དང་། མི་གྲངས་བཅུ་ཆ་དགུ་ཡན་ནི་ཡིག་རྨོངས་ནས“ཕལ་ཆེར་གཉིས”ཀྱི་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། རྟ་ཐོག་སློབ་ཆུང་དང་སྦྲ་གུར་སློབ་ཆུང་ནས་སློབ་ཆུང་དང་སློབ་གྲྭ་བར་དང་། “རྩ་ཆག་གཉིས་དང་ཁ་གསབ་གཅིག”ནས་ལོ15བར་གྱི་སློབ་གསོའི་གྲོན་དངུལ་ཕལ་ཆེར་རྩ་ཆག་བཏང་བ། ས་སྨྱུག་རྐང་ཐུར་གཅིག་དང་ནག་པང་གཅིག་ནས་སྣ་མང་སྨྱན་སྦྱོར་སློབ་ཁང་དང་གློག་རྡུལ་དཀར་པང་། “སློབ་གྲྭར་བསྐྱོད་དཀའ་བ”ནས“སློབ་གྲྭར་བསྐྱོད་ཐུབ་པ”དང“སློབ་གྲྭར་ཡག་པོ་སྐྱོད་པའི”བར། འོས་འགན་སློབ་གསོ་དེ་དོ་སྙོམས་འཕེལ་རྒྱས་ནས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བར། མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉུང་བ་ནས་མང་བ། རིམ་བཞིན་འཕེལ་རྒྱས་སྟོབས་ཆེར་ཕྱིན། སློབ་གཉེར་ཆུ་ཚད་དང་། སློབ་གཉེར་གཞི་ཁྱོན། དགེ་རྒན་དཔུང་ཁག རྨང་གཞིའི་སྒྲིག་བཀོད། སློབ་གསོ་དོ་དམ། སློབ་ཁྲིད་ཀྱི་སྤུས་ཚད་བཅས་ཚང་མར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། སློབ་གསོར་མ་དངུལ་འཇོག་ཚད་བསྡོམས་འབོར་སྔར་བྱུང་མྱོང་མེད་ལ། སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་འགྱུར་བ་སྔར་བྱུང་མྱོང་མེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་སློབ་གསོར་མཐོང་ཆེན་བྱེད་ཚད་སྔར་བྱུང་མྱོང་མེད་པ་རེད། 

1947ལོར་ཁུལ་ཡོངས་སུ་དགེ་རྒན263ཡོད་པ་དང་། 1978ལོར་བསླེབས་སྐབས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན3970ལས་མེད། 1980ལོར་ཁུལ་ཡོངས་ཀྱི་སློབ་ཆུང་དང་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ལོན་ཚད་སོ་སོར130%དང39.6%ལས་ཟིན་མེད། 

2008ལོར་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཆེད་བསྐོས་དགེ་རྒན7493ཡོད་པ་དང་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ལོན་ཚད་སོ་སོར99.1%དང50.5%ཟིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ལོ་གསུམ་རིང་བསྡོམས་པས་དགེ་རྒན1145ཁ་གསབ་བྱས་པ་དང་། དགེ་རྒན་བསྡོམས་པས13581ཟིན་ཏེ། མཐོ་རིམ་དང་འབྲིང་རིམ་གྱི་གོ་མིང་གི་དགེ་རྒན་གྱི་སྤྱིའི་བསྡོམས་གྲངས་ཀྱི9.1%དང38.4%བཟུང་ཡོད། 

ཀན་ལྷོ་ཁུལ་གྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་དང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་གནས་ཁ་གསབ་མ་དངུལ་སྒོར་ཁྲི7292དོན་འཁྱོལ་བྱས་པ་དང་། དགེ་རྒན་གྱི་སྡོད་ཤག1348གསར་སྐྲུན་བྱས། ཁུལ་ཕྱི་ནང་གི་ཕུལ་བྱུང་དགེ་རྒན881གཞི་རིམ་སློབ་གྲྭར་སློབ་སྐྱོར་བྱེད་པར་མངགས་པ། ལོ་ལྟར་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་ནས་སློབ་སྔོན་སློབ་གསོའི་ཆེད་ལས་ཀྱི་སློབ་ཆེན་སློབ་མ400གཞི་རིམ་གྱི་བྱིས་གཉོར་ཁང་དུ་སློབ་སྐྱོར་བྱེད་པར་མངགས། 

2018ལོའི་ལོ་མཇུག་བར་ཁུལ་ཡོངས་སུ་བསྡོམས་པས་དགེ་བཟོ་བ་མི13381ཡོད་པ་དང་། དེའི་ཁྲོད་དུ་སློབ་ཆུང་གི་དགེ་རྒན6497དང་། དམའ་རིམ་སློབ་འབྲིང་གི་དགེ་རྒན2755 མཐོ་རིམ་སློབ་འབྲིང་གི་དགེ་རྒན1673 འབྲིང་རིམ་སློབ་གྲྭའི་དགེ་རྒན327 བྱིས་གཉོར་ཁང་གི་དགེ་རྒན1931 དམིགས་བསལ་སློབ་གྲྭའི་དགེ་རྒན28བཅས་ཡོད་པ་རེད། ཁུལ་ཡོངས་ཀྱི་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཚད་ལོན་ཚད་སོ་སོར99.98%དང99.92%དང90.46%བཅས་ཟིན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།