ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གསོ་སྦྱོང་འཛིན་གྲྭ་བསྡུས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།

གསོ་སྦྱོང་སྐབས་སུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་ཅུས། ཡུལ་སྐོར་ཅུས་བཅས་ཀྱི་རིགས་གཅིག་མཁས་པའི་འཆད་ཁྲིད་དགེ་རྒན་གདན་དྲངས་ནས། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཤེས་རྟོགས་བྱེད་པ་ནས། ལས་གཉེར་ཞབས་ཞུ་ཚད་ལྡན་དང་ཞབས་ཞུའི་སྒྲིག་ཆས་ཚད་ལྡན། འཁོར་སྐྱོད་ཞབས་ཞུ་ཚད་ལྡན། ཡུལ་སྐོར་ཐོན་ཁུངས་ཁྱབ་སྤེལ་དང“འཁོར་བཅུའི”བདེ་སྲུང་སོགས་ཕྱོགས11ལ་དམིགས་ནས། རླངས་འཁོར་ཁ་ལོ་བར་ཆེད་དོན་འགྲེལ་བཤད་དང་གསོ་སྦྱོང་བྱས།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན3ཡིན། སློབ་ཐུན་བདུན་དུ་བགོས་ནས་གྲོང་ཁྱེར་ཡོངས་ཀྱི་གླ་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར། ལམ་ཐིག་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་མི600ལྷག་ལ་མ་ལག་རང་བཞིན་དང་ཡོངས་སུ་ཁེབས་པའི་གསོ་སྦྱོང་སློབ་ཁྲིད་བྱས། 

འཛིན་གྲྭ་སྒྲུབ་པའི་མཛད་སྒོའི་སྟེང་དུ། ཁུལ་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་འགན་ཁུར་བས་ཐེངས་འདིའི་གསོ་སྦྱོང་གི་དོན་སྙིང་དང“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”ལ་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱས་ནས། ལས་རིགས་ཀྱི་སྣང་བརྙན་གསར་བ་སྟོན་པར་ཞིབ་ཕྲའི་བླང་བྱ་བཏོན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།