ཀན་ལྷོ་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བའི་ལྟ་ཞིབ་བྱ་བར་གཞོགས་འདེགས་འགན་སྲུང་བྱེད་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གིས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ལྟ་ཞིབ་བྱེད་པའི་སྐུལ་སློང་བརྙན་འཕྲིན་གྲོས་ཚོགས་མཇུག་སྒྲིལ་རྗེས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དེ་འཕྲལ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བའི་ལྟ་ཞིབ་བྱ་བར་གཞོགས་འདེགས་འགན་སྲུང་བྱེད་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཁུལ་གྱི་འགོ་ཁྲིད་པ་ཞུས་ཆང་དང་བཀྲ་ཤིས་འཚོ། དབྱང་ཝུའུ། དབྱང་ཞུང་། ཧའོ་ཅུའེ་རྨིན། ཝང་ཧྲང་ཞུའེ། ཕུའུ་ཁྲོན་ཧུང་། ཝང་ཧྥང་དང་དེ་མིན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་དང་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་སྤེལ་བ་དང་། ཝང་ཅན་ཅུན་གྱིས《ཀན་ལྷོ་ཁུལ་གྱི2019ལོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བར་འགན་སྲུང་བྱེད་པའི་འཆར་གཞི》སྒྲོག་སྦྱང་བྱས།

ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་བཏང་ནས། ཚད་མཐོའི་ཆབ་སྲིད་རང་རྟོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་དགོས་ལ། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན། འགན་འཁྲི་ལ་སྣང་ཆེན་བཅས་བྱེད་པའི་མཐོ་ཚད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱས་ཏེ། དངོས་གནས་ལྟ་ཞིབ་ལ་གཞོགས་འདེགས་བྱེད་པ་དང་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱ་རྒྱུ་དེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་། ལྗང་མདོག་དར་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གི་ལྟ་ཞིབ་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བར་དངོས་གནས་དྲང་གནས་ཀྱི་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།