ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཆེད་ལས་མཉམ་ལས་ཁང་གི་ཚད་གཞི་ཇེ་མཐོར་ཡོང་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་བ་ཙེ་རྫོང་ནས་བསྡུས་པའི་ཀན་ལྷོ་ཁུལ་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཚད་གཞི་ཇེ་མཐོར་གཏོང་བའི་ལས་དོན་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་པ་བརྒྱུད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་ཐར་མཁྲེགས་གཏོར་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་རང་ངོས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྣ་ཚོགས་ཧུར་ཐག་སྒོས་བཙུགས་ནས་མཉམ་ལས་ཁང་གི་དམངས་ཕྱུག་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་དེ་དང་དུས་མཚུངས་སུ་དཔལ་འབྱོར་གྱི་དངོས་ཤུགས་དང་སྐུལ་ཁྲིད་ནུས་པ་ཆེན་པོ་མེད་པ་དང་། ཞབས་ཞུའི་མ་ལག་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ཡང་གནས་ཡོད། དེར་བརྟེན། ཀན་ལྷོ་ཁུལ་གྱིས“ནོར་དོན་མཉམ་སྤྱོད་ལྟེ་གནས་འཛུགས་པ་དང་། ཆ་འཕྲིན་ཞབས་ཞུའི་སྟེགས་བུ་སྐྲུན་པ། ཡུལ་སྐོར་ཐོན་ལས་དང་འདེབས་འཛུགས་གསོ་ཚགས་གཅིག་མཚུངས་གལ་ཆེན་ཡིན་པ།  ཐོན་འཚོང་སྦྲེལ་མཐུད་དང་ཐོན་སྐྱེད་དམ་འཛིན་གཉིས་ཟུང་འབྲེལ་བྱེད་པ། སྲིད་ཇུས་ཀྱིས་ཐོན་སྐྱེད་བརྒྱུད་རིམ་ལ་སྐུལ་མ་གཏོང་བ་ནས་དཔལ་འབྱོར་འཕར་སྣོན་ལ་སྐུལ་མ་གཏོང་བའི་ཕྱོགས་སུ་སྒྱུར་བ”བཅས་བསམ་ཕྱོགས་གཙོ་བོར་བྱས་ནས་ཆེད་ལས་མཉམ་ལས་ཁང་གི་ཚད་གཞི་ཇེ་མཐོར་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།