ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྔུན་གྲས་སུ་ཚོང་རྟགས་དྲ་ཐོག་ཞབས་ཞུའི་བརྒྱུད་རིམ་ཧྲིལ་བོའི་གློག་རྡུལ་ཅན་མངོན་འགྱུར་བྱུང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཟླ་སྟོད་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“ཚོང་རྟགས་དྲ་ཐོག་ཞབས་ཞུའི་མ་ལག”ལ་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་དངོས་སུ་སྤྱོད་འགོ་ཚུགས། དེས་ཀན་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཚོང་རྟགས་བདག་སྤྲོད་སྐར་ཁུང175ཡི་སྔུན་གྲས་སུ་ཚོང་རྟགས་དྲ་ཐོག་ཞབས་ཞུའི་བརྒྱུད་རིམ་ཧྲིལ་བོའི་གློག་རྡུལ་ཅན་དུ་མངོན་འགྱུར་བྱུང་བ་མཚོན། 

དྲ་ཐོག་ནས་རེ་འདུན་ཞུ་བ་དང་འདྲི་རྩད་བྱེད་པ། དྲ་ཐོག་ནས་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བརྒྱུད་རིམ་ཆ་ཚང་དྲ་ཐོག་ནས་ཤར་གཏོང་ཐུབ་པ་དང་དྲ་ཐོག་ནས་ལས་དོན་རེ་ཞུ་བྱེད་པའི་ཁྲོད་ཚོང་རྟགས་ཐོ་འགོད་རེ་ཞུ་དང་། འགྱུར་ལྡོག་གཏོང་བ། བཤུག་སྤྲོད་བྱེད་པ། འགྲེམ་སྟོན་རྒྱུན་མཐུད་བྱེད་པ་སོགས་ཀྱི་ཚོང་རྟགས་བྱེད་སྒོའི་ལས་གཞི24ཚུད་ཡོད། ཟླ6པ་ནས་བཟུང་རང་ཁུལ་དང་ཉེ་འཁོར་གྱི་ཚོང་ར། ལས་ཁུངས། སྤྱི་ཚོགས་ཀྱི་ཚོགས་པ། རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱིས་ཀན་ལྷོ་ཁུལ་དུ་ཚོང་རྟགས་ཐོ་འགོད་དང་རྗེས་མཐུད་བྱེད་སྒོ་ཁག་གཉེར་བར་སྐར་ཁུང་གི་བྱ་བྱེད་མི་སྣར་ལག་ཁྱེར་བཤར་འབེབས་སོགས་གློག་རྡུལ་པར་གཞིའི་དཔྱད་ཡིག་མཁོ་འདོན་དང་། དྲ་ཐོག་ནས་ཐོ་འགོད་མ་ལག་རེ་ཞུ་བྱས་ནས་འབྲེལ་ཡོད་དཔྱད་ཡིག་སྤྲོད་ཐུབ་པ་དང་། མ་ལག་གིས་དུས་གཅིག་ཏུ་རེ་འདུན་ཞུ་མཁན་ལ་འཕྲིན་ཐུང་དང་སྦྲག་བསྐུར་གྱི་གསལ་བརྡ་གཏོང་ཐུབ། བརྡ་ཐོ་བདག་སྤྲོད་དང་ཐོ་འགོད་སྤྱི་བསྒྲགས་སོགས་ཀྱི་ཡིག་ཆ་གློག་རྡུལ་ཡིག་ཆའི་ཐོག་ནས་སྐྱེལ་སྤྲོད་བྱེད་ཐུབ་ལ། སྤྱོད་མཁན་གྱིས་རང་འགུལ་ངང་སྦྲག་སྒམ་ནང་བཅུག་ནས་པར་སྐྲུན་དང་འཕེལ་རིམ་འདྲི་རྩད་སོགས་བྱ་ཐུབ།

ཚོང་རྟགས་ཐོ་འགོད་དང་རྗེས་མཐུད་ལྟ་སྐུལ་ལས་རིགས་ཀྱི “བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན”ནི་ཀན་ལྷོ་ཁུལ་གྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ལས་རིགས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ལག་ལེན་དངོས་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།