ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིན་ཏུའོ་དང་ཧྲིན་ཀྲང་ཐང་རེན་ཅན་གྱིས “གོ་སྐབས་དམ་འཛིན་དང་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་ལུང་ཡོན་གྱི་འགྱུར་ལྡོག་ཆེན་པོར་གཞོལ། དབུལ་ཕོངས་སེལ་བ་དང་སྣོད་བཅུད་ལ་མཐོང་ཆེན་གྱིས་དམངས་ཕྱུག་ཡུལ་དར་ཡོང་བར་བརྩོན”ཞེས་པའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་ཀན་སུའུ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ།

དམིགས་ཚད་ཀྱི་གོམ་ཆེན་སྤོས་པས། བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟབ་ཏུ་ཕྱིན་པ།

སྔོན་ཆད་ཀན་སུའུ་རུ་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་བ་དང་། དབུལ་ཕོངས་མི་འབོར་མང་བ། དབུལ་ཕོངས་ཚད་གཞི་ཟབ་པ་བཅས་ཡོད། 2012ལོའི་ལོ་མཇུག་ཏུ་རེས་སྐོར་གསར་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་སྐབས་ཀན་སུའུ་རུ་མི་འབོར་དབུལ་པོ་ཁྱོན་ཁྲི692ཡོད་པ་དང་དབུལ་པོར་འགྱུར་ཚད33.2%ཟིན་ཞིང་། ཞིང་ཆེན་དེ་ཡོངས་ཀྱི་རྫོང86ཁྲོད58རྒྱལ་ཁབ་ཀྱི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྲས་སུ་བཅུག་པ་དང་། དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་རེད།

“ལོ70ཡི་རིང་། ལུང་ཡོན་ས་གཞིར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད”ཀན་སུའུ་ཡིས་གནད་ཁེལ་བྱེད་ཐབས་ལག་བསྟར་ཏན་ཏིག་དང་། དབུལ་ཐར་དམིགས་ཚད་ཚད་གཞིར་དམ་པོར་དམིགས་པ། ཤིན་ཏུ་དབུལ་པོ་སེལ་རྒྱུར་ཤུགས་སྣོན་རྒྱག་པ། དབུལ་ཐར་བརྟན་པོ་དང་རྒྱུན་བསྲིང་ཡོང་བའི་འགན་ལེན་སོགས་ཀྱི་ཐད་ནས་གཞི་ཚུགས་ཏེ་འབད་པས་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ། ན་ནིང་གི་ལོ་མཇུག་བར་ཞིང་ཆེན་དེ་ཡོངས་སུ་རིམ་རྩིས་བྱས་ན་མི་ཁྲི581དབུལ་པོ་ལས་ཐར་བ་དང་། མི་འབོར་དབུལ་པོ་ཁྲི111བར་ཇེ་ཉུང་དུ་སོང་ནས་དབུལ་པོར་འགྱུར་ཚད5.6%བར་ཆག་ཡོད། རྫོང་དབུལ་པོ75ཡི་ནང་ནས36གི་དབུལ་ཐར་ཞྭ་འཕུད་ཐུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་དམིགས་ཚད་ཀྱི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་ཅེས་ལིན་ཏུའོ་ཡིས་ངོ་སྤྲོད་བྱས།

ཐང་རེན་ཅན་གྱིས་ཟ་མ་དང་། འཐུང་ཆུ། འགྲོ་ལམ་བཅས་ཕྱོགས་གསུམ་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་བརྟན་པོར་འགྲོ་བའི་ཡོང་ཁུངས་ལ་དབྱེ་ཞིབ་བྱས་ཤིང་། “ན་ནིང་རང་ཞིང་ཆེན་གྱི་ལོ་ཧྲིལ་བོའི་འབྲུ་རིགས་ཐོན་འབབ་ཏུན་ཁྲི1100ཟིན་པ་དང་མི་རེའི་ཆ་སྙོམས་འབྲུ་རིགས་ཐོན་འབབ་སྤྱི་རྒྱ400ལྷག་ཟིན་ནས་ཡུན་རིང་ཞིང་ཆེན་ནང་ཁུལ་གྱི་རང་མཁོ་དོ་སྙོམས་དང་ལོ་ལེགས་ཡག་པོ་བྱུང་སྟེ་འབྲུ་རིགས་དག་ཞིང་ཆེན་ཕྱིར་དབོར་རྒྱུ་ཡོད་པར་གྱུར། ཀླུ་ཆུ་འདྲེན་པའི་ཆུ་མཁོ་སྤྲོད་དུས་ཐེངས་དང་བོ་སོགས་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་ལས་གྲོང་གསེབ་ཀྱི་མི་འབོར་ཁྲི933གྱི་འཐུང་ཆུའི་བདེ་འཇགས་ཐད་ཀྱི་དཀའ་ངལ་བསལ་ནས་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད88%ཟིན་ཡོད”ཅེས་བཤད།

དོ་གནད་དམ་འཛིན་གྱིས་ཐོན་ལས་དབུལ་སྐྱོར་དང་ཡུལ་སྐོར་དབུལ་སྐྱོར་ལ་རྒྱུན་བསྲིང་ཤུགས་འདོན་བྱས་པ།

ཐོན་ལས་གོང་འཕེལ་གཏོང་བ་ནི་དབུལ་ཐར་ཡོང་བའི་རྩ་བའི་ཐབས་ཇུས་ཡིན། མང་ཚོགས་མང་པོ་དབུལ་ཕོངས་སུ་འགྱུར་དོན་ནི་འབབ་འཕར་གྱི་ཐོན་ལས་དང་ཕྱུག་འགྱུར་གྱི་ཐབས་ལམ་མེད་པས་རེད། ཐོན་ལས་དབུལ་སྐྱོར་ལ་ཤུགས་འདོན་པའི་ཀན་སུའུ་ལ་ཇི་ལྟ་བུའི་ལམ་ལུགས་ཇུས་འགོད་དང་སྲིད་ཇུས་བྱེད་ཐབས་ཡོད་དམ་ཞེ་ན།

ལིན་ཏུའོ་ཡིས “ང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་གྲྭ་སྒྲུབ་པ་དང་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་དུད་ཚང་དུ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནོར་ལུག་དང་། སྔོ་ཚལ། ཤིང་འབྲས། ཞོག་ཁོག སྨན་བཅས་ཁྱད་ལྡན་ཐོན་ལས་ཆེ་གྲས་དྲུག་འཕེལ་རྒྱས་ཤུགས་ཆེན་བཏང་ཁར་ཞིང་འབྲེལ་གྱི་སྣེ་འདྲེན་ཁེ་ལས་ཁག་ཅིག་གསོ་སྐྱོང་དང་ནང་འདྲེན་བྱས་ཤིང་། ཞིང་བའི་ཆེད་ལས་མཉམ་ལས་ཁང་ཁྱབ་གདལ་རྣམ་པའི་ངང་བསྐྲུན་པ་དང་འབབ་འཕར་ཐོན་ལས་ཀྱི་མ་ལག་འཛུགས་སྐྱོང་མྱུར་པོ་བྱས་པས་མང་ཚོགས་དབུལ་ཐར་གྱི་བརྟན་པོའི་རང་བཞིན་དང་ཕྱུག་འགྱུར་གྱི་རྒྱུན་སྲིང་རང་བཞིན་སྔར་བས་ཆེ་རུ་ཕྱིན། ན་ནིང་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར 5390ཟིན་པ་དེ་དུས་མཚུངས་ལས 12.3%འཕར་ཡོད། དེ་དང་ཆབས་ཅིག་ལོ་རྒྱུས་རང་བཞིན་ངང་གྲོང་ཚོ་དབུལ་ཕོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི'ནང་སྟོང་གྲོང་ཚོ་མེད་པར་བཟོས”ཞེས་བརྗོད།

ལིན་ཏུའོ་ཡིས་“ཡུལ་སྐོར་ནི་ཀན་སུའུ་འཕེལ་རྒྱས་ཀྱི་རྐང་འཛིན་ཐོན་ལས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཡུལ་སྐོར་མི་འབོར་འཕར་ཚད་ཧ་ཅང་མགྱོགས་པ་དང་ན་ནིང་མི་དུང་ཕྱུར 3ཟིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར 2000ལས་བརྒལ་ཡོད་པ་རེད”ཅེས་གསལ་བཤད་བྱས།

གོམ་སྟབས་མ་ལྷོད་པར། དམག་འཐབ་ཡག་པོ་བརྒྱབ་སྟེ་རྣམ་པར་མ་རྒྱལ་བར་མཚམས་མི་འཇོག་པ།

ལིན་ཏུའོ་ཡིས་བལྟས་ན། དབུལ་ཐར་མཁྲེགས་གཏོར་ནི་དམག་འཐབ་ཆེན་པོ་ཞིག་ཡིན་ལ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ནི་དམག་འཐབ་ཆེན་པོའི་ནང་གི་ཆེན་པོ་ཞིག་ཡིན། རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ནང་ཀན་སུའུ་ཡི་ལིན་ཞ་རང་སྐྱོང་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས “ཁུལ་གཉིས་དང་རྫོང་གཅིག”ཚུད་ཅིང་། ས་ཁུལ་དབུལ་པོ་དེ་དག་རི་ཁུལ་དང་ལུང་ཤུར་དུ་གནས་པ་དང་རང་བྱུང་ཆ་རྐྱེན་ཞན་ཁར་སྣོད་བཅུད་ཁོར་ཡུག་ཞན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཤིན་ཏུ་ཞན་པས་དབུལ་སྐྱོར་དབུལ་ཐར་གྱི་དཀའ་ངལ་ཡང་ཧ་ཅང་ཆེན་པོ་ཡོད། 

ཀན་སུའུ་ཡིས“ཁུལ་གཉིས་དང་རྫོང་གཅིག”དང་ཞིང་ཆེན་གྱིས་གཏན་ལ་འཁེལ་བའི་ཤིན་ཏུ་དབུལ་བའི་རྫོང18དེ་དག་གཙོ་གནད་དུ་བྱས་ནས་སྔོན་ལ་སྲིད་ཇུས་ལག་བསྟར་དང་། སྔོན་ལ་མ་དངུལ་དོན་འཁྱོལ། སྔོན་ལ་རྣམ་གྲངས་བཀོད་སྒྲིག་བཅས་བྱས་ཏེ་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཤིན་ཏུ་དབུལ་བའི་རྫོང་ལ་དམ་འཛིན་བྱེད་པའི་ལམ་ལུགས་བཟོས་ཤིང་། ལེགས་ཆའི་སྟོབས་ཤུགས་བསྡུ་རུབ་ཀྱིས་ཤིན་ཏུ་དབུལ་བའི་མཁར་རྫོང་ནུས་ཤུགས་ཡོད་རྒུས་གཏོར་བ་རེད། “ན་ནིང་ས་ཁུལ་འདི་དག་ལ་སྤྱད་པའི་ནོར་སྲིད་ཀྱི་ཆེད་དོན་རོགས་སྐྱོར་མ་དངུལ་གྱིས་ཞིང་ཆེན་དེ་ཡོངས་ཀྱི་བཅུ་ཆ་བདུན་ཙམ་བཟུང་བ་དང་། “ཁུལ་གཉིས་དང་རྫོང་གཅིག”ཏུ་མི་ཁྲི13.17དབུལ་པོ་ལས་ཐར་བ་དང་མི་འབོར་དབུལ་པོ་ཁྲི18.83ཇེ་ཉུང་དུ་བཏང་ནས་དབུལ་པོར་འགྱུར་ཚད7.4%མར་ཆག་ཡོད”ཅེས་ལིན་ཏུའོ་ཡིས་ངོ་སྤྲོད་བྱས་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།