ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གི་སྒྲིག་ཨུ་དང་ལྟ་བཤེར་ཨུ་ལྷན་གྱིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁག་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་།

དུས་ལྟར་འགོ་ཁྲིད་ཚན་ཆུང་དང་ཆེད་དོན་གཞུང་སྒྲུབ་ཁང་གི་མི་སྣའི་སྟོབས་ཤུགས་ལེགས་སྒྲིག་དང་ཤུགས་ཆེར་བཏང་ནས་སྔར་ལས་ལྷག་པར་དུ་སྒྲིག་གཞི་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཧུར་བརྩོན་སྒོས་ཆེད་དོན་བྱ་བའི་སྡོམ་ཤུགས་མཐོར་འདེགས་སུ་བཏང་། རིག་གནས་ཐང་ཆེན་གྱི་གློག་རྡུལ་བརྙན་ཤེལ་དང་གླ་གཏོང་རླངས་འཁོར། རྫོང་གི་བརྙན་འཕྲིན་ཁང་དང་རྫོང་དང་ཤང(གྲོང་རྡལ)གི་ཏང་ཨུ་དང་སྲིད་གཞུང་གི་གློག་རྡུལ་བརྙན་ཤེལ་དུ“ནག་སེལ་གཤེད་བཅོམ”གྱི་དྲིལ་བསྒྲགས་སྦྱར་ཡིག་བཏོན་པ་དང་། ད་ལྟའི་བར་དུ“སྲིད་དོན་གཙང་སྐྱོང་གི་ཐའོ་ཀྲོའུ”ཡི་འཕྲིན་སྟེགས་སྟེང་དུ་ཆེད་དོན་བརྡ་འཕྲིན46བསྐུར། ལིན་ཐན་རྫོང་སྒྲིག་ཨུའི་སྲིད་དོན་གཙང་སྐྱོང་འཕྲིན་སྟེགས་སྟེང་དུ་ཆེད་དོན་བརྡ་འཕྲིན་སྐོར2དང་བརྡ་འཕྲིན1352བཏང་། ནག་ཚོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཞུ་གཏུག་ལྟ་སྐུལ་དྲིལ་བསྒྲགས་ཡིག་ཆ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ནང་དོན་དང་ཐབས་ལམ་མངོན་གསལ་དུ་ཐེར་འདོན་གོང་ཞུ་བྱས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བཅས་ཀྱི་ལས་སྒོའི་བྱ་བ་དང་སྦྲེལ་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་དྲིལ་བསྒྲགས་བྱ་འགུལ་སྤེལ། རྫོང་སྒྲིག་ཨུ་དང་ལྟ་བཤེར་ཨུའི་ཚན་ཁག་གི་ཁོངས་མིས་ཤང་དང་གྲོང་རྡལ་དང་གཏིང་ཟབ་སྒོས་འབྲེལ་བ་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཇི་ལྟར་ནག་ཕྱོགས་སྟོབས་ཤུགས་ལ་རྡུང་རྡེག་བྱེད་པའི“སྲུང་གདུགས”ཀྱི་གནད་དོན་གཙོ་བོར་བཟུང་ནས་འགྲེལ་བཤད་བྱས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“སྲུང་གདུགས”བྱེད་པའི་ཉེན་ཁ་དང་མཇུག་འབྲས་ལ་ངོས་ཟིན་ཟབ་མོ་ཐོག་ཏུ་འཇུག་དགོས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།