ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་ཡིས་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུའུ་དངོས་སུ་བཙུགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་བཀོད་སྒྲིག་ལྟར། ཁུལ་ཁྲིམས་འཛིན་ཅུའུ་ཡིས་ལས་ཁུངས་བསྐྱར་སྒྲིག་བྱས་ཤིང་། ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཁུལ་ཁྲིམས་འཛིན་ཅུའུ་ཡི་སྡེ་ཁུལ་ཡོ་བསྲང་ཅུའུ་བཙུགས།

ཁུལ་ཁྲིམས་འཛིན་ཅུའུ་ཡི་སྡེ་ཁུལ་དོ་དམ་ཅུའུ་བཙུགས་པ་དེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་བར་དོ་སྣང་དང་ཐུགས་ཁུར་བྱེད་པ་མཚོན་པ་མ་ཟད། ཀན་ལྷོ་ཁུལ་གྱི་སྡེ་ཁུལ་ཡོ་བསྲང་བྱ་བ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན། སྡེ་ཁུལ་ཡོ་བསྲང་ལམ་ལུགས་འཐུས་ཚང་དང་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་བྱེད་པར་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཁུལ་ཁྲིམས་འཛིན་ཅུའུ་ཡིས་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུའུ་འཛུགས་པའི་གོ་སྐབས་ལ་བརྟེན་ནས། སྔར་ལས་ལྷག་པར་དུ་རྫོང་དང་གྲོང་ཁྱེར་སོ་སོས་མགྱོགས་མྱུར་གྱིས་སྡེ་ཁུལ་ཡོ་བསྲང་གི “རུ་ཁག་འཛུགས་ལུགས”ཀྱི་སྒྲིག་གཞིའི་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་དང་། སྡེ་ཁུལ་ཡོ་བསྲང་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱས་ཤིང་། ཁྱོན་ཡོངས་ནས་སྡེ་ཁུལ་ཡོ་བསྲང་བྱ་བ་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་།

ཤེས་རྟོགས་བྱུང་བ་ལྟར་ན། སྡེ་ཁུལ་ཡོ་བསྲང་བྱ་བ་སྤེལ་བ་ནས་བཟུང་། ཁུལ་ཡོངས་སུ་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་མཁན་བསྡོམས་པས་མི1579བསྡུ་ལེན་བྱས་ཤིང་། ད་ལྟ་ཐོ་འགོད་བྱས་པའི་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་མཁན་མི353ཡོད་པ་དང་། སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གྱོད་དོན་དང་དོན་རྐྱེན་ཚབས་ཆེན་བཟོས་མེད་པས། བདེ་འཇགས་ཀྱི་ཀན་ལྷོ་དང་ཁྲིམས་སྐྱོང་གི་ཀན་ལྷོའི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།