ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི2019ལོའི་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི2019ལོའི་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཁུལ་དབུལ་ཐར་མཁྲེགས་གཏོར་གྱི་འབྲེལ་ཡོད་བྱ་བར་མཛུབ་སྟོན་རང་བཞིན་གྱི་གཏམ་བཤད། ཁུལ་གྱི་འགོ་ཁྲིད་པ་ཞུས་ཆང་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། ཞི་ཆང་། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ། ལིའུ་ཧྥུན། ཧྲི་ཀྲན་ལིའང་། ཚེ་རིང་དོན་གྲུབ། ལི་རུའེ་ཕིང་། དབྱང་ཅན་གོ དབྱང་ཀྲི་ཚའེ། ལིའུ་ཡུང་ཀོ ཕུའུ་ཁྲོན་ཧུང་། རིན་ཆེན་དོན་གྲུབ། ཝང་ཅན་ཅུན། ཝང་ཧྥང་། ཝང་ཡ་ནན། ཨན་ཞུས་ལིན། ཏུང་ཀྲེན་གོ སྒྲོལ་མ་སྐྱབས་བཅས་གྲོས་ཚོགས་སུ་ཞུགས།

ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་གིས་འགོ་ཁྲིད་དེཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྒྱས་བཤད་བཤུས་སྒྲིགལེའུ་གསུམ་པའི“གནད་ཁེལ་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་མཐོར་འདེགས་སུ་གཏོང་དགོས”ཞེས་པའི་ནང་དོན་ལ་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་དང་དོན་འཁྱོལ་བྱས་པའི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ་ཡིས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རོང་འབྲོག་སྡེའི་བཏུང་ཆུའི་བདེ་འཇགས་སྐོར་གྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་གྱིས་ཁུལ་ཡོངས་ཀྱི་སློབ་གསོའི་ཐད་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གནས་ཚུལ་ཡར་ཞུ་བྱས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུའི་འགན་ཁུར་བས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་ཁུར་བས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རོང་འབྲོག་སྡེའི་ཉེན་ཁང་བསྒྱུར་བཀོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས། འབྲུག་ཆུ་རྫོང་ཨུ་དང་ལིན་ཐན་རྫོང་ཨུའི་འགན་ཁུར་བ་འབྲུག་ཆུ་དང་ལིན་ཐན་རྫོང་གི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་ཐག་བཅད་པའི་གནས་ཚུལ་ཡར་ཞུ་བྱས། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས《ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ལས་འགན་འདོར་ལེན་ཆད་གསབ་དང་མཐའ་མའི་གདོང་མཆོང་གི་ཆེད་དོན་བྱེད་སྒོ་སྤེལ་བའི་བྱ་བའི་ཇུས་འགོད》ཡར་ཞུ་བྱས།

ཡུས་ཁྲིན་ཧུའེ་ཡིས་ཟླ4བའི་ཚེས15ཉིན་ནས་ཚེས17ཉིན་གྱི་བར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་ཆིན་ནས་རྟོག་ཞིབ་མཛད་སྐབས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གསུང་བཤད་གལ་ཆེན་གནང་། ང་ཚོས་ཐེངས་འདིའི་གྲོས་ཚོགས་བསྡུས་པའི་ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་མཐའ་འཁྱོངས་བྱ་རྒྱུ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་ཕྱོགས་ཀྱི་འབུར་ཐོན་གྱི་གནད་དོན་གཏིང་ཟབ་སྒོས་འཚོལ་ཞིབ་བྱས་ནས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་གྲངས་ཉུང་མི་རིགས་གཅིག་ཀྱང་མི་ལུས་པའི”ཆབ་སྲིད་ཀྱི་མངག་བཅོལ་དངོས་གནས་མངོན་འགྱུར་བྱེད་དུ་འཇུག་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།