ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལིན་ཡུན་གྱིས་ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀན་ལྷོའི་ཁྱད་ལྡན་ཐོན་ལས་ར་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཀན་ལྷོ་ཁུལ་གྱི་ཏང་སྲིད་ཚབ་བྱེད་ཚོགས་པའི་སྣེ་ཁྲིད་ནས་ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀན་ལྷོའི་ཁྱད་ལྡན་ཐོན་ལས་ར་བར་རྟོག་ཞིབ་བྱེད་སྐབས་སུ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་ཀན་ལྷོའི་ཁྱད་རྟགས་མངོན་པར་བྱས་ནས། ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀན་ལྷོའི་ཁྱད་ལྡན་ཐོན་ལས་ར་བ་དེ་རང་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱ་དགོས་ཞེས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ་ཡིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས། ཀྲའོ་ལིན་ཡུན་འཁོར་དང་བཅས་པས་ཐོན་ལས་ར་བའི་འཛུགས་སྐྲུན་གནས་ཚུལ་ཞུས་པར་ཉན་པ་མ་ཟད། བཅའ་སྡོད་ཁེ་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་སྤུས་རྟགས་ཁྱབ་སྤེལ། ཚོང་ར་རྒྱ་སྐྱེད་དང་ཐོན་རྫས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཀྲའོ་ལིན་ཡུན་གྱིས་ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀན་ལྷོའི་ཁྱད་ལྡན་ཐོན་ལས་ར་བ་དེ་ཀན་ལྷོ་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་མ་ཟད། ཀན་ལྷོ་ཁུལ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་སའི་སྒེའུ་ཁུང་ལྟ་བུ་ཡིན་པས། ལངས་གནས་མཐོ་རུ་གཏོང་བ་དང་མི་རིགས་ཀྱི་ཁྱད་རྟགས་གཅིག་སྡུད་བྱས་ཏེ། རིག་གནས་ཐོན་ལས་མྱུར་དུ་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱ་དགོས་ཞེས་བསྟན་པ་མ་ཟད། ཁེ་ལས་སོ་སོས་ཐོན་ལས་ར་བའི་འཕེལ་རྒྱས་ཀྱི་འཆར་འགོད་གནས་ཐིག་གཏན་ཁེལ་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས་པ་དང་། མིག་རྒྱང་རིང་ཞིང་བཅིངས་གྲོལ་གྱི་བསམ་བློའི་འོག་ནས་ཐོན་ལས་ར་བ་འཆར་འགོད་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱ་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཐོན་ལས་ར་བའི་ཐོག་ཁང་ཆེན་མོའི་འཆར་འགོད་ཀྱི་གཞི་རྩའི་ནུས་པ་ནི་གཞུང་ལས་དང་། ཚན་ཞིབ། འགྲེམ་སྟོན། འབྲེལ་གཏུག ཚོང་དོན་ངོ་འཕྲད་གྲོས་མོལ་དང་སྤུས་རྟགས་ཁྱབ་གདལ་གཏོང་རྒྱུ་བཅས་ཡིན། ཧྭ་ལིན་དང་ཞོ་སྟོན་སོགས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་འགས་སྒེར་གྱིས་མ་རྩ་འཇོག་པའི་བྱ་ཐབས་སྤྱོད་པ་ལས་གཞན། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་ཚོགས་པ་བསྒྲིགས་ནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་སྤྱོད་པ་དང་། གཙོ་བོར་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་རི་སྐྱེའི་དངོས་རྫས་རྩ་ཆེན། རིག་གནས་ཡུལ་སྐོར་ཐོན་རྫས་སོགས་སྒྲིག་འཛུགས་བྱས་ནས་ཐོན་ལས་ར་བ་ནས་གཅིག་སྡུད་འགྲེམ་སྟོན་བྱ་རྒྱུའོ། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།