ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས“དུས་ཆེན་གཉིས”ཀྱི་སྐབས་སུ་དྲོལ་སྐྱིད་བསྐྱལ་ནས་མི་སེམས་ལ་བདེ་བ་བསྐྲུན་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དུས་ཆེན་གཉིས”ཀྱི་སྐབས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱས་ནས་ཏང་གི་དྲོད་ཁོལ་བསྐྱལ།

ཕྱོགས་ཡོངས་ནས་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་ལས་བྱེད་པ། ལས་བྱེད་པ་རྒན་པའི་ཆ་འཕྲིན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ནས། ཁྱིམ་གཅིག་དང་མི་གཅིག་ཀྱང་མི་ལུས་བར་བྱས་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་རྒན་པར་འཚམས་འདྲིའི་མ་དངུལ་སྒོར་ཁྲི38.5བསྐྱལ།

རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་གྱི་ཏང་རྩ་འཛུགས་སོ་སོ་ཡུལ་དངོས་སུ་སོང་ནས་འཚམས་འདྲིའི་མ་དངུལ་བསྐྱལ་བ་དང་འཚམས་འདྲིའི་དངོས་པོ་བསྐྱལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཚམས་འདྲི་བྱས། རྫོང་གཏོགས་ཀྱི་ལས་ཁུངས་དང་སྡེ་ཚན་སོ་སོ། ཤང་དང་སྡེ་བ་སོ་སོས་འཚམས་འདྲིའི་ཚོགས་པ་བཙུགས་ཏེ་གནད་ཁེལ་རོགས་སྐྱོར་བྱ་བར་ཟུང་འབྲེལ་བྱས་ནས་མ་དངུལ་དང་འཚམས་འདྲིའི་དངོས་པོ་གྲབས་འཚོལ་བྱས་ཤིང་འབྲེལ་གཏུག་བྱ་ཡུལ་གྱི་སྡེ་བར་ཟབ་ཞུགས་བྱས་ནས་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པར་འཚམས་འདྲི་ཞུས།

དུས་མཚུངས་སུ། ཐེ་བོ་རྫོང་གིས་དྲང་ཕྱོགས་ནས་སྡེ་ཁྲིད་བྱེད་པའི་བྱ་ཐབས་སྤྱད་དེ་དངོས་གནས་དཀའ་ཁག་ཡོད་པའི་ཏང་ཡོན་དཀའ་ཁག་ལས་ཐར་བ་དང་ཁོ་ཚོར་དམིགས་གསལ་གྱི་ཆ་རྐྱེན་སྣ་ཚོགས་སྤྱད་དེ་གོ་སྐབས་དམ་འཛིན་བྱས་ནས། ཁྱིམ་ཚང་གི་དཔལ་འབྱོར་གོང་འཕེལ་དུ་བཏང་ནས་འཚོ་བའི་དཀའ་ངལ་ལས་ཐར་བར་སྐུལ་ལྕག་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།