ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྐབས་དང་བོའི་ལོ་སར་ཉེར་མཁོའི་དུས་ཆེན་གྱི་བྱ་འགུལ་སྤེལ་འགོ་བརྩམས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུས་དང་བཟོ་ཚོང་མཉམ་འབྲེལ། གཙོས་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་དང་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཅུས། དབུལ་སྐྱོར་གཞུང་ལས་ཁང་། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཚོང་དོན་ཅུས་སོགས་མཉམ་འབྲེལ་གྱིས་རོགས་སྒྲུབ་བྱས་པའི་སྐབས་དང་བོའིའཛད་སྤྱོད་ཀྱིས་དབུལ་སྐྱོར་བྱེད་པའི་ལོ་སར་ཉེར་མཁོའི་དུས་ཆེན”ཞེས་པའི་བྱ་འགུལ་གཙོས་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་སྤེལ་འགོ་ཚུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་བྱ་འགུལ་དུ་ཞུགས་པ་མ་ཟད“འཛད་སྤྱོད་ཀྱིས་དབུལ་སྐྱོར་བྱེད་པའི་ལོ་སར་ཉེར་མཁོའི་དུས་ཆེན”ཞེས་པའི་བྱ་འགུལ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་ཤིས་ཚིག་ཕུལ་བ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ་ཡིས་འགོ་ཚུགས་པའི་མཛད་སྒོའི་གཙོ་འགན་ཁུར།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ་དང་ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་གོ  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཞའོ་ནན་སོགས་འགོ་ཚུགས་པའི་མཛད་སྒོར་ཞུགས།

ཧོ་མོའུ་པའོ་ཡིས་ཐེངས་འདིའི་བྱ་འགུལ་ནི་དྲ་ཐོག་དང་ཚོང་ཁང་ནས་མཉམ་དུ་སྤེལ་བ་དང་། དེ་ནི་ཐབས་ལམ་གསར་གཏོད་དང་རྣམ་པ་གསར་གཏོད་ལ་འཚོལ་ཞིབ་ཐེངས་གཅིག་བྱས་པ་ཡིན་ལ། རང་ཁུལ་གྱི་ཁེ་ལས་ཀྱིས་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁྲོད་གཞི་ཁྱོན་དང་སྤུས་རྟགས་གཉིས་ཀ་གལ་ཆེན་དུ་བརྩི་བ་དང་། གསོ་སྐྱོང་དང་ནང་འདྲེན་མཉམ་འཛིན། དྲ་ཐོག་དང་དྲ་འོག་མཉམ་སྐྱོད། སྤུས་ཀ་དང་ཞབས་ཞུ་མཉམ་སྒྲུབ་རྒྱུན་འཁྱོངས་བྱས་ནས། ཁྱད་འཕགས་ཅན་གྱི་ཐོན་ལས་རྒྱ་ཇེ་ཆེ་དང་ཇེ་རྒྱས་སུ་བཏང་ནས་ཧུར་བརྩོན་གྱིས“ཀན་ལྷོའི་ཁྱད་འཕགས་ཐོན་རྫས”ཕྱིར་འཚོང་ཐུབ་པ། འཛད་སྤྱོད་པས་ཉོ་དུས་བློ་བདེ་བ་དང་བག་ཕེབས་པ། ཉོས་ནས་སེམས་སྐྱིད་པོ་ཡོང་ཐུབ་པ་བྱ་དགོས་ལ། ཐེངས་འདིའི་ལོ་སར་ཉེར་མཁོའི་དུས་ཆེན་འདི་གོ་སྐབས་ཤིག་ཏུ་བཟུང་སྟེ་ཤུགས་ཆེན་པོས་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་བཏང་ནས། འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གློག་རྡུལ་ཚོང་སྟེགས་བརྒྱུད་དེ་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ལས་ཕྱོད་མཐོ་བ་དང་མ་རྩ་དམའ་བའི“ཞིང་ལས་ཐོན་རྫས”ཀྱི་ལས་སྟེགས་བསྐྲུན་ནས། ཚོང་རའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཚོང་རའི་གསོན་ཤུགས་སྐུལ་སློང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཛད་སྤྱོད་དགོས་མཁོ་སྐོང་ཆེད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་ཞེས་བསྟན།

ལོ་སར་ཉེར་མཁོའི་དུས་ཆེན་དུ་ཞུགས་པའི་ཁེ་ལས་དང་སྒེར་གྱི་ཚོང་དུད73ཡོད་ལ། གཅིག་བསྡུས་སྒོས་རང་ཁུལ་གྱི་སྐམས་ཤ་དང་ལུག་ཤ  རྩྭ་ཕག འོ་མའི་ཐོན་རྫས། རི་སྐྱེས་དངོས་རྫས་དཀོན་པོ། ནས་ཀྱི་ཐོན་རྫས། ས་མཐོའི་ལོ་ཏོག་སོགས་ཁྱད་འཕགས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་དང་ཆང་རིགས་ཐོན་རྫས། རིག་གནས་གསར་གཏོད་ཀྱི་ལག་བཟོས་ཐོན་རྫས་སྣ་ཚོགས་བཀྲམ་འཚོང་བྱས་པ་དང་ཐོན་རྫས་རིགས3600ལྷག་ལ་བསླེབས།

ཁུལ་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་ལ་གཏོགས་པའི་ཁུལ་དུ་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཁེ་ལས་འཐུས་ཚབ། གཙོས་གྲོང་ཁྱེར་སྲང་ལམ་སྡོད་ཁུལ་གྱི་འཐུས་ཚབ་པ་སོགས་འགོ་ཚུགས་པའི་མཛད་སྒོར་ཞུགས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།