ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གནད་ཁེལ་དབུལ་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱི་འགན་ཁུར་བ་གཙོ་བོ་འཁོར་དང་བཅས་པ་མི9འབྲུག་ཆུ་རྫོང་གླུ་རྩེད་གྲོང་རྡལ་ལ་ཀོའུ་སྡེ་བར་སོང་ནས། གནད་ཁེལ་དབུལ་སྐྱོར་བྱ་བ་སྤེལ།

རོགས་སྐྱོར་བྱ་བྱེད་ཚན་ཆུང་མཐའ་སྐྱོང་ཁྱིམ་ཚང5དང་དབུལ་ཐར་ཁྱིམ་ཚང15ལ་འཚམས་འདྲི་བྱས། དབུལ་ཕོངས་ཁྱིམ་ཚང་གི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། འབྲེལ་ཡོད་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་འགྲེལ་བཤད་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་འགའ་ལ་འཚམས་འདྲིའི་མ་དངུལ་སྤྲད་པ་མ་ཟད། མི་ཕྱུགས་འཐུང་ཆུའི་ཆུ་ཁུངས་དང་ཆུ་ལོག་གིས་གཏོར་སྐྱོན་བཏང་བའི་སྦུག་ལམ་དུམ་མཚམས། ཁྱིམ་ཚང་འགའི་སྒོ་ཁར་སྲང་ལམ་མཁྲེགས་བཟོའི་ཨར་ལས་ལ་ཡུལ་དངོས་ནས་རྩད་ཞིབ་དང་ཚད་འཇལ་བྱས་ཤིང་། ཐང་ཤིང་གི་སྡོང་ཕྲུག་ཕྱིར་འཚོང་བྱེད་པའི་གནས་ཚུལ་ལ་ཡང་རྒྱུས་ལོན་བྱས། ཆེས་མཇུག་མཐར་ལ་ཀོའུ་སྡེ་བའི་གནད་ཁེལ་དབུལ་སྐྱོར་བྱ་བའི་བཞུགས་མོལ་གྲོས་ཚོགས་ཚོགས།

བཞུགས་མོལ་གྲོས་ཚོགས་ཀྱི་ཐོག་ནས། རོགས་སྐྱོར་བྱ་བའི་གནས་ཚུལ་གསར་བ་དང་བསམ་ཚུལ་གསར་བ་བཤད་པ་དང་། རོགས་སྐྱོར་རུ་ཁག་གི་བྱ་བ་བཀོད་སྒྲིག་བྱས། མི་ཕྱུགས་འཐུང་ཆུའི་ཆུ་ཁུངས་དང་ཆུ་ལོག་གིས་གཏོར་སྐྱོན་བཏང་བའི་སྦུག་ལམ་ཁ་ཤས་ཉམས་གསོ་བྱེད་པར་སྔོན་རྩིས་མ་དངུལ་སྒོར་ཁྲི7དགོས་པ་དང་། སྲང་ལམ་མཁྲེགས་བཟོ་བྱེད་པར་སྔོན་རྩིས་མ་དངུལ་སྒོར་ཁྲི5དགོས། ལྗོངས་ཁུལ་ཆེན་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྡེ་དངམས་ཀྱིས་ཤིང་བཏུས་ནས་ཚ་ཐབ་བསྲོ་བའི་སྲོལ་རྒྱུན་རྩ་བ་ནས་བསྒྱུར་བཅོས་གཏོང་ཆེད། མུ་མཐུད་དུ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང78ལ་གློག་གི་ཚ་ཐབ2རེ་འགྲེམ་གཏོང་བྱེད་པར་སྔོན་རྩིས་མ་དངུལ་སྒོར་ཁྲི10དགོས། རོགས་སྐྱོར་སྡེ་ཚན་སྟེ་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་མ་དངུལ་བཏང་ནས་ལ་ཀོའུ་སྡེ་བའི་ཐང་ཤིང་སྡོང་ཕྲུག་འདེབས་འཛུགས་དུད་ཚང་ལ་གསབ་དངུལ་སྤྲོད་རྒྱུ་ཡིན་པ་དང་། གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། སྡེ་བའི“ཨུ་གཉིས”  བྱ་བྱེད་རུ་ཁག་གིས་ཐུན་མོང་ཐོག་འགན་ཁུར་ནས། འདེབས་འཛུགས་ཀྱི་དུས་སྐབས་སུ་སྡེ་དམངས་ཡོངས་བྱ་བའི་ནང་ཞུགས་ཏེ་ངལ་རྩོལ་བྱ་དགོས་པ་དང་། གྲོང་རྡལ་གྱི་ལས་བྱེད་པ་དང་རོགས་སྐྱོར་སྡེ་ཚན་གྱི་ལས་བྱེད་པ་ཧུར་ཐག་གིས་བྱ་བའི་ནང་དུ་ཞུགས་ནས། ནགས་མཐའི་ས་རྒོད་དང་ནགས་སའི་ས་སོབ་ས་ཆར་སྡོང་བོ་བཙུགས་ཏེ་ལྗང་འགྱུར་བྱ་དགོས་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།