ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་སྐྱོར་རི་བོང་ལེགས་པར་གསོས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་ཟན་ཁྲ་ཤང་ཞིང་ཕན་སོན་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དུ་སོང་བ་ན། གྲ་དག་པར་སྒྲིག་པའི་རི་བོང་གི་གཟེབ་མའི་ནང་ན་རི་བོང་མང་པོ་ཡོད་ལ། མཉམ་ལས་ཁང་གི་འགོ་བ་མ་ལི་ཕིན་གྱིས“སྒྲིག་ཆས་འདི་དག་ཡོད་པ་ནས་བཟུང་ཧ་ཅང་སྟབས་བདེ་བ་དང་དུས་ལྟར་གཟན་ཆས་བཞག་པ་ན་རི་བོང་གིས་རང་ཉིད་ཀྱིས་ཆུ་འཐུང་ཐུབ་ཅིང་། ཟས་རིགས་དང་བཤང་གཅི་རང་དགར་ངང་ནང་འཇུག་དང་ཕྱིར་གཏོང་བྱས་པས་དུས་ཚོད་གྲོན་ཆུང་བྱེད་ཐུབ་པ་མ་ཟད་སྟབས་བདེ་ལ། ཉིན་འགའ་འགོར་རྗེས་རི་བོང་གཟེབ་མའི་ནང་ནས་ཕྱིར་གཏོང་ཐུབ་པས་སྒོར་མ་བུད་པར་སྒོར་མོ་ལེན་ཐུབ”ཅེས་བཤད།

མ་ལི་ཕིན་ནི་ལིན་ཐན་རྫོང་ཟན་ཁྲ་ཤང་གི་རི་བོང་གསོས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྣེ་ཁྲིད་མཁན་ཡིན་ལ། ཉེ་བའི་ལོ་འདི་དག་གི་རིང་ལ་ཁོས་མཉམ་ལས་ཁང་གི་ཁོངས་མི་དག་ཁྲིད་ནས་རི་བོང་གསོས་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མ་ཟད་རི་བོང་སྡེ་བ་ཡོངས་ཀྱི་དབུལ་ཐར་ཐོན་ལས་སུ་གྱུར།

2016ལོའི་ལོ་སྟོད་དུ་རི་བོང་གསོ་བའི་བྱ་བ་འགོ་བརྩམས་པའི་སྐབས་སུ་མ་ལི་ཕིན་གྱིས་དངུལ་བསྡུས་ནས་ཉོས་པའི་རི་བོང་བརྒྱ་ཕྲག་ལྷག་ཡོད་པ་དེ་དག་མ་བཙས་གོང་དུ་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ཚང་མ་ཤི་སོང་ཞེས་བཤད།

“རྒྱུ་མཚན་ཅི་ཞིག་དང་ཅི་ལྟར་བྱེད་རྒྱུ”ཐེངས་དང་བོ་ཕམ་རྗེས་མ་ལི་ཕིན་གྱིས་ཉམས་མྱོང་བསྡུ་ལེན་བྱས་ནས་རི་བོང་གསོ་གཉེར་བྱེད་པའི་དཔེ་ཆ་གང་མང་ཞིག་ལ་བལྟས་པ་མ་ཟད་ས་ཆ་གཞན་ལ་སོང་ནས་ཉམས་མྱོང་དང་ཐབས་ཤེས་སློབ་སྦྱོང་བྱས་རྗེས་ཡང་བསྐྱར་གསོ་གཉེར་བྱེད་འགོ་བརྩམས། ལོ་སྨད་དུ་མ་ལི་ཕིན་གྱིས་མ་དངུལ་གསོག་འཇོག་བྱས་ནས“གནམ་ས་ཨང་དང་པོ”ཅན་གྱི་རི་བོང100ཉོས་པ་མ་ཟད་གཟེབ་མ་དང་སྒྲིག་ཆས་གང་མང་ཁ་གསབ་བྱས། གསོ་གཉེར་གྱི་མ་གོང་གྲོན་ཆུང་བྱེད་ཆེད་མ་ལི་ཕིན་རང་ཉིད་ཀྱིས་གཟེབ་མ་དང་སྒམ་བཟོས་པ་མ་ཟད་གཟན་ཆས་རང་ཉིད་ཀྱིས་སྒྲིག་སྦྱོར་བྱས།

ལོ་གསུམ་རིང་གི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་ནས་ད་ལྟ་མ་ལི་ཕིན་གྱི་རི་བོང་གི་གཞི་ས་སྤྱི་ལེ་གྲུ་བཞི་མ200རུ་གྱུར་ཡོད་ལ་རི་བོང་མོ1000ཡོད་པ་མ་ཟད་རི་བོང་མོ་ཞིག་གིས་ལོ་གཅིག་ལ་ཕྲུ་གུ30བཙའ་ཐུབ། “2016ལོའི་ལོ་སྨད་དུ་རི་བོང་བཙོངས་ནས་སྒོར་ཁྲི20ལེན་ཐུབ”ཅེས་སྔོན་ཆད་ཀྱི་དབུལ་ཕོངས་ཁྱིམ་ཚང་ནས་དབུལ་ཐར་གདོང་ལེན་དུ་གྱུར་པའི་མ་ལི་ཕིན་གྱིས་དགའ་སྤྲོ་ཆེན་པོའི་ངང་དེ་ལྟར་བཤད།

ད་ལྟའི་བར་དུ། མ་ལི་ཕིན་གྱིས་མཉམ་ལས་ཁང་ནས་རི་བོང་ཁྲི་ལྷག་བཙོངས་ཏེ་ཡོང་སྒོ་སྒོར་ཁྲི100ལྷག་ལ་བསླེབས།

མ་ལི་ཕིན་གྱིས“མི་གཅིག་ཕྱུག་ན་ཕྱུག་པ་མིན་ལ། ཁྱིམ་ཚང་གཅིག་ཕྱུག་ན་ཡང་ཕྱུག་པ་མིན། ཚང་མ་ཕྱུག་ན་ད་གཟོད་ཕྱུག་པ་ཡིན”ཞེས་བཤད། མ་ལི་ཕིན་གྱིས་མཉམ་ལས་ཁང་གི་གཞི་ཁྱོན་ཇེ་ཆེར་བཏང་ནས་ཡུལ་མི་རྣམས་ཁྲིད་དེ་རི་བོང་གསོས་ནས་མཉམ་དུ་ཕྱུག་པོར་འགྱུར་བའི་ལམ་དུ་བསྐྱོད་པའི་འཆར་གཞི་འཐེན་གྱིན་འདུག། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།