ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས“བསྒྱུར་གསུམ”བཅོས་བསྒྱུར་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྒོ་གསར་བ་ཕྱེས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་ཅི་ལོའུ་སྡེ་བའི་ཀྲུང་བོད་སྨན་རྫས་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་མང་ཚོགས་རྣམས་སྤྲོ་སེམས་རབ་ཏུ་རྒྱས་ལ། ཡུར་མ་ཡུར་བའི་ལས་ལ་བྲེལ་བཞིན་འདུག    ཅི་ལོའུ་སྡེ་བའི་ཀྲུང་བོད་སྨན་རྫས་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་ནི2013ལོར་བཙུགས་པ་དང་། སྡེ་བ་རང་གི་ས་མུའུ310འཁོར་རྒྱུག་བྱས་ཏེ། ས་མཐོའི་ས་བབ་ཀྱི་ལེགས་ཆ་དང་གནམ་ཟླའི་ཆ་རྐྱེན་ལ་བརྟེན་ནས། ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ལྡན་པའི་ཀྲུང་བོད་སྨན་རྫས་འདེབས་འཛུགས་བྱས་པས། ས་རྒོད་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་། མཉམ་ལས་ཁང་གིས་སྨན་རྫས་ཀྱི་གྲུབ་ཚུལ་ལེགས་བཅོས་དང་། གནོད་མེད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་ལག་རྩལ་གསོ་སྦྱོང་བྱས་པ་དང་། འདེབས་འཛུགས་ཀྱི་ཚད་གཞི་ཚད་ལྡན་དུ་བཏང་ནས་ཀྲུང་བོད་སྨན་རྫས་ཀྱི་སྤུས་ཀ་མཐོ་རུ་བཏང་ཞིང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས།    

མཉམ་ལས་ཁང་གིས་རོང་འབྲོག་སྡེའི“བསྒྱུར་གསུམ”བཅོས་བསྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཀན་ལྷོ་པེ་ཚའོ་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་ལ་ལྕུམ་ཆེན་ཉོ་སྒྲུབ་ཀྱི་གན་རྒྱ་བཞག མཉམ་ལས་ཁང་གི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་བ་ཁག་ཐེག་བྱེད་པའི་དུས་མཚུངས་སུ་ཀུང་སིའི་ལྕུམ་ཆེན་གྱི་ཡོང་ཁུངས་གཏན་འཇགས་བྱེད་པ་འགན་ལེན་བྱས་ཏེ། “ཁེ་ཕན་མཉམ་སྤྱོད་དང་། ཉེན་ཁ་མཉམ་ཁུར”གྱི་རྣམ་པ་ཆགས་པ་དེས། ཕན་ནུས་ལྡན་པའི་སྒོ་ནས་ས་གནས་དེའི་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱེད་པ་དངོས་སུ་མངོན་འགྱུར་བྱུང་ཞིང་། ཞིང་སྡེ་འཕེལ་རྒྱས་ལ་སེམས་ཤུགས་སྐྱེས་པར་སྒུལ་ཤུགས་བསྣན་ཏེ། “བསྒྱུར་གསུམ”བཅོས་བསྒྱུར་གྱི་གོམ་སྟབས་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་། དུས་མཚུངས་སུ། ཆེད་ལས་ལག་རྩལ་མི་སྣ་གདན་འདྲེན་བྱས་ནས་ཡུལ་དངོས་ནས་མཛུབ་སྟོན་བྱས་ཏེ། སྨན་རྫས་ཀྱི་གསོན་ཚད་ཇེ་མཐོ་རུ་བཏང་།    

“རོང་འབྲོག་སྡེའི‘བསྒྱུར་གསུམ’བཅོས་བསྒྱུར་གྱིས་ང་ཚོ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྐྱེལ་ཡོང་བ་དང་། བཅོས་བསྒྱུར་གྱིས་མཉམ་ལས་ཁང་གི་ཡོང་འབབ་མཐོ་རུ་བཏང་བ་མ་ཟད། ད་དུང་ང་ཚོ་ཚང་མ་མཉམ་དུ་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱས། ང་རང་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་ཡོད”ཅེས་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཝང་ཧེང་ལུའུ་ཡིས་སྤྲོ་སེམས་ཁོལ་བའི་ངང་ནས་བཤད། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།