ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ལིན་ཞ་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་ལས་དོན་རྒྱུན་མཐུད་ངང་གོང་འཕེལ་གཏོང་བཞིན་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020180822519435619190.jpg

སན་ཅ་གྲོང་བརྡལ་གྱི་ཡུལ་གཞན་དུ་གནས་སྤོར་རྣམ་གྲངས་སྤེལ་ཡུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན་གྱི་སྔ་དྲོར།“བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ40ཡི་འཕོ་འགྱུར་གསར་པ་དང་། དབུལ་ཐར་འགག་སྒྲོལ་ཐད་ཀན་སུའུ་ལ་བལྟ་བའི”2018ལོའི་རྒྱལ་ཡོངས་ཀྱི་དྲ་བའི་སྨྱན་སྦྱོར་བརྒྱ་ཕྲག་གིས་དབུལ་ཐར་འགག་སྒྲོལ་གྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་སྒོའི་ས་ཚིགས་དང་པོ་དེ་ཀན་སུའུ་ཞིང་ཆེན་ལིན་ཞ་ཁ་ཆེ་རིགས་རང་སྐྱོང་ཁུལ་སན་ཅ་གྲོང་བརྡལ་དུ་འབྱོར་ཏེ། སྨྱན་སྦྱོར་གྱི་གསར་འགོད་པ་རྣམས་ཁང་ཅ་གྲོང་ཚོར་ཕྱིན་ནས་ས་གནས་དེ་གའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་རྣམ་གྲངས་སྤེལ་བའི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་བརྒྱུད། གནས་སྤོར་ལས་གྲྭས་ས་གནས་དེ་གའི་མང་ཚོགས་ལ་དངོས་ཕན་ག་འདྲ་བསྐྲུན་ཡོད་པ་དང་འགྱུར་ལྡོག་ག་འདྲ་བྱུང་ཡོད་པའི་སྐོར་དངོས་སུ་མྱོང་རོལ་གནང་པ་རེད

ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་ལ་གོ་བ་ཇི་ལྟར་ལེན་དགོས་ཞེ་ན།

2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས“ངེས་པར་དུ་ཡུལ་གཞན་དུ་གནས་སྤོར་ལས་གཞི་འཛུགས་སྐྲུན་ཡག་པོ་བྱས་ཏེ་སྤུས་འབོར་གཉིས་ལ་ཁག་ཐེག་ལྡན་ངང་གྲོང་མི་ཚོ་སྡོད་ཁང་གསར་པའི་ནང་གནས་སྤོ་རུ་འཇུག་རྒྱུ་དང་། ཁོ་ཚོའི་འཚོ་བར་བཀོད་སྒྲིག་བྱས་རྗེས་དབུལ་ཐར་བྱ་ཐབས་ཁག་རྗེས་ཆོད་དགོས་ཤིང་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་དགོས”ཞེས་བསྟན་ཡོད།

“ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར”ཞེས་པ་ནི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཆ་རྐྱེན་ཞན་པའི་ས་གནས་ཀྱི་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཡུལ་གཞན་དུ་གནས་སྤོར་བཀོད་སྒྲིག་བྱས་ཏེ། རྩ་བའི་ཆ་ནས་དེ་དག་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དང་དབུལ་ཐར་ཕྱུག་འགྱུར་ཡོང་བ་བྱ་དགོས་པ་དེ་རེད། དོན་དམ་དུ།ཡུན་རིང་གཞི་སྡོད་བྱས་པའི་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་ཚད་བརྒལ་ངང་བེད་སྤྱོད་བྱས་པའམ་ཉམས་ཞན་ཚབས་ཆེན་དུ་གྱུར་རྗེས། དོན་དངོས་སྟེང“ས་ཕྱོགས་གཅིག་གི་ས་ཆུས་ཕྱོགས་དེ་གའི་མང་ཚོགས་གསོ་མི་ཐུབ་པའི”ཚད་ལ་སླེབས་ཡོད་པ་རེད།སྐབས་དེར་སླེབས་དུས། མི་འབོར་གནས་སྤོར་བྱེད་རྒྱུ་ནི་དབུལ་ཕོངས་ཞི་ལྷོད་དང་ཁོར་ཡུག་ལེགས་བཅོས་བྱེད་པའི་གདམ་ག་ཡག་ཤོས་དེ་ཡིན་སྲིད་ལ། གནས་སྤོར་བྱེད་སྟངས་དེས་ས་གནས་དེ་གའི་གྲོང་མིའི་འཚོ་ཚིས་མ་རྩ་ཇེ་ལེགས་སུ་གཏོང་པར་སྐུལ་འདེད་ཐུབ་ནས་རྒྱུན་མཐུད་ཀྱི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་སྲིད་དོ།

W020180822519435610875.jpg

སན་ཅ་གྲོང་བརྡལ་གྱིས་གསར་དུ་བསྐྲུན་པའི་མེ་ཏོག་ལྡུམ་རའི་གཞིས་ཁུལ།

སན་ཅ་གྲོང་བརྡལ་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་གལ་ཆེན་རང་བཞིན་གང་དུ་ཡོད་ཅེ་ན།

སན་ཅ་གྲོང་བརྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ལེང་ཙའོ་ཡིས་གསར་འགོད་པར། སན་ཅ་གྲོང་བརྡལ་གྱི་མི་གྲངས་བསྡོམས་འབོར་ཁྲི5.45ཡི་ནང་། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས6056ལྷག་ཙམ་ཟིན་ལ། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས།  མི་གྲངས1735དབུལ་ཐར་ཟིན་པ་དང་དབུལ་ཐར་ཐུབ་མེད་པའི་མི་གྲངས4361ལྷག་ཡོད་པ་དང་དབུལ་བོའི་ཁྱབ་ཚད10.4%རེད། དེའི་ནང་རུ་ནག་དང་ལྷོ་རི། རི་འགག་ཆུང་བ། ལུང་ཆུང་བཅས་རི་ལུང་གྲོང་ཚོ4ལ་ཁྱོན་བསྡོམས་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང505དང་མི་གྲངས2615ཡོད་ལ་དེས་གྲོང་བརྡལ་ཡོངས་ཀྱི་དབུལ་པོའི་མི་འབོར་གྱི་60%ཟིན་ཡོད། གྲོང་ཚོ་དེ་དག་ས་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མིན་པ། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ། སྡོད་ཁང་རྙིང་བ་ཡིན་པ་བཅས་ཀྱི་དབང་གིས་དབུལ་ཐར་ལ་དཀའ་གནད་ཆེན་པོ་ཡོད་པས་དེ་དག་སན་ཅ་གྲོང་བརྡལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་ཆགས་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

ཁོ་ཚོ་སྔ་ཙམ་ནས“སྡོད་ཁང་ཐབས་ཆག་ལས་སྤོར་བ་དང་དབུལ་ཕོངས་ཀྱི་རྣམ་པ་བརྗེ་བ། དབུལ་པོའི་ལས་རིགས་བསྒྱུར་པ།དབུལ་པོའི་རྩ་བ་གཅོད་པ”བརྒྱུད། མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་མཐར་ཕྱིན་བྱེད་པ་དང་། དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད་སན་ཅ་གྲོང་བརྡལ་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་ཁྱབ་སྤེལ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད།

W020180822519435614799.jpg

ས་གནས་དེ་གའི་གྲོང་མི་དག་ཁོད་ཡངས་དཀར་ཆ་དོད་པའི་སྡོད་ཁང་གསར་པར་གནས་སྤོར་ཡོད་པ།

ཡུལ་གཞན་དུ་གནས་སྤོར་ལས་ཀ་སྤེལ་ཚུལ་ཇི་འདྲ་ཡིན་པ་དང་། ཕན་འབྲས་གང་འདྲ་ཐོབ་ཡོད་ཅེ་ན།

ཡུལ་བབས་དང་བསྟུན་པ།  ས་གནས་དེ་གར་མི་གྲངས་མང་ལ་ས་ཞིང་ཉུང་པ། ས་ཆའི་ཐོན་ཁུངས་ཉམས་ཞན་ཡིན་པའི་དུས་མཚུངས་སུ་རི་ཁུལ་མང་ཚོགས་ཀྱི་དཔལ་འབྱོར་ནུས་པར་ཚད་བཀག་ཡོད་པར་དམིགས་ཏེ། ཆེད་དམིགས་རང་བཞིན་ལྡན་པའི་སྒོ་ནས་ཐོག་ཁང་ཇུས་འགོད་བྱས་ནས་གནས་སྤོ་བྱེད་པའི་དུས་མཚུངས་སུ་ཆེ་འབྲིང་ཆུང་གསུམ་བཅས་བཟོ་དབྱིབས་མི་འདྲ་བའི་སྡོད་ཁང་རིགས་བདུན་ལ་བགོས་ཡོད་པ་དང་། གློག་དང་འཐུང་ཆུ། དབུགས་རླངས་བཅས་ཀྱང་སྡོད་ཁང་ནང་དྲངས་ཏེ་དོན་དང་མཐུན་པའི་ནང་དུ་སྡོད་རྐྱང་བྱས་པ་བརྒྱུད་མང་ཚོགས་ལ་ཕན་པ་བསྐྲུན་ཡོད་པ་རེད།

W020180822519435611388.jpg

གནས་སྤོའི་ཁང་གསར་གྱི་འགྲམ་དུ་རྩེད་འཇོར་རོལ་བའི་བྱིས་པ།

རྨང་གཞི་འཐུས་ཚང་དུ་གཏོང་པ། བྱིས་གཉོར་ཁང་དང་སློབ་ཆུང་། གྲོང་ཚོའི་འཕྲོད་བསྟེན་ཁང་། རིག་གནས་ཐང་ཆེན། དམངས་ཕན་ཟམ་པ། བཀོད་སྒྲིག་ཁུལ་གྱི་འགྲོ་ལམ་སྲ་འགྱུར། སྡེ་ཁུལ་ཞབས་ཞུ་ལྟེ་གནས་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་ཏེ། གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་པར་འབད་པ་ལྷུར་ལེན་བྱེད་གནང་ཡོད།

རྒྱུན་མཐུད་ཐོན་ལས། གནས་སྤོར་རྗེས་སུ་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་རྣམས“གནས་སྤོར་ཐུབ་པ་དང་བློ་བརྟན་པོས་སྡོད་ཐུབ་པ། ཕྱུག་པོར་ཆགས་ཐུབ་པ”བཅས་ལ་ཁག་ཐེག་གནང་ཡོད་པ་དང་། དེ་ཡང་གྲོང་བརྡལ་དུ་ཞོར་ལས་ལ་འགྲོ་འདོད་ཡོད་པའི་ངལ་རྩོལ་ནུས་ཤུགས་མི་གྲངས1266ནི་ས་གནས་དེ་གར་བཀོད་སྒྲིག་བྱེད་པ་དང་དང་ཕྱིར་གཏོང་གི་བྱེད་ཐབས་ལ་བརྟེན་ལས་ཀར་ཞུགས་པ་ཐུབ་པ་བྱུང་པ། གསོ་སྤེལ་གྱི་འདོད་བློ་ཡོད་པའི་མང་ཚོགས་ལ་སྲིད་གཞུང་གིས་གསོ་སྤེལ་བྱེད་ས་བཙུགས་ཏེ་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ལ་གཞི་ཁྱོན་ངེས་ཅན་གྱི་གསོ་སྤེལ་ལས་ཀ་གཉེར་ནས་ཕྱུགས་ལས་གསོ་སྤེལ་གྱི་ཡོང་འབབ་མང་དུ་གཏོང་པར་སྐུལ་སློང་གནང་པ། ཕྱི་ལ་འགྲོ་ཐབས་མེད་པའི་བུད་མེད་དག་ལ་བཀོད་སྒྲིག་ཁུལ་དུ་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བཟོ་གྲྭ་བཙུགས་ནས་ལས་ཞུགས་ལ་ཐག་གཅོད་གནང་སྟེ། རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་བྱེད་ཐུབ་ཡོད་པ་རེད།

W020180822519435613508.jpg

གནས་སྤོར་རྗེས་སུ་བཟོ་གྲྭར་ལས་ཀ་སྒྲུབ་ནས་ཁྱིམ་ཚང་ལ་ཡོང་སྒོ་བསྐྲུན་བཞིན་པའི་བཟོ་བ།

《རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་གྱི་འཆར་འགོད》ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར་ནི་གཞི་རྩའི་ཐབས་ཇུས་སུ་བཟུང་སྟེ། ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོར་ཆེད་དུ་དམིགས་ནས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་གནང་རྒྱུ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་དང་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། “སྡོད་ཁང་ཐབས་ཆག་ལས་སྤོར་བ” དང“དབུལ་པོའི་ལས་རིགས་བརྗེ་བ” མཉམ་སྤེལ་རྒྱུན་འཁྱོངས་བྱས་པ་བརྒྱུད། མ་འཇོག་འཕར་སྣོན་དང་ནང་རྐྱེན་གསར་དུ་གཏོད་པ། ཡུལ་བབས་དང་བསྟུན་པ། ཕྱོགས་བསྡུས་སྒོས་ཐབས་ཇུས་སྤྱད་དེ་དུད་ཚང་གཅིག་གནས་སྤོར་བྱུང་ན་དུད་ཚང་དེ་དབུལ་ཐར་ཐུབ་པར་ཁག་ཐེག་བྱས་ཏེ། ཡུལ་གཞན་དུ་གནས་སྤོར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལོན་དགོས། སན་ཅ་གྲོང་བརྡལ་གྱི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ནི་ལིན་ཞ་ཁུལ་ལྟ་བུའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཞིག་ལ་མཚོན་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།