ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་ཟླ7པའི་ཚེས2ཉིན་འགོ་བརྩམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་ལུས་རྩལ་འགྲན་ཚོགས་ཟླ7པའི་ཚེས2ཉིན་ཀན་ལྷོ་ཁུལ་ལུས་རྩལ་ར་བ་རུ་འགོ་བརྩམ་རྒྱུ་རེད། 

ལུས་རྩལ་འགྲན་ཚོགས་ལ་བསྡོམས་པས་འགྲན་བསྡུར་རྣམ་གྲངས37ཡོད་པ་དང་། དེའི་ཁྲོད་དུ་མི་རིགས་ཀྱི་སྲོལ་རྒྱུན་རྣམ་གྲངས་ལ་སྦེ་ག་དང་ས་སྒྱེ་འཇོག་པ། བོད་འགྱིག  ཟོ་བའི་ནང་དུ་ཆུ་འཁུར་བ་སོགས་རྣམ་གྲངས7ཡོད་ལ། ན་གཞོན་པའི་སྡེ་ལ་མཆོང་རྒྱུག་འཕེན་གསུམ་དང་གཟེབ་གྲུག་དང་རྐང་གྲུག ཕའེ་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ་སོགས་རྣམ་གྲངས18ཡོད། མང་ཚོགས་ཀྱི་སྡེ་ལ་གཟེབ་གྲུག  རྐང་གྲུག ཕའེ་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ་སོགས་རྣམ་གྲངས13ཡོད།  རྫོང་བདུན་དང་གྲོང་ཁྱེར་གཅིག  ཁུལ་གྱི་ཐད་གཏོགས་སྡེ་ཚན་སོ་སོ་དང་རྣམ་གྲངས་རྐྱང་བའི་མཐུན་ཚོགས་བཅས་ཀྱི་ལུས་རྩལ་བ་བསྡོམས་པས2580འགྲན་བསྡུར་ལ་ཞུགས་རྒྱུ་རེད། 

ཁུལ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་དབྱང་ལིན་ཧའེ་ཡིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཀན་ལྷོ་ཁུལ་གྱིས་ཐེངས་དང་པོར་སྤེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཐེངས་ཤིག་ཡིན་ལ། ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བའི་ཆེད་དུ་འགྲན་བསྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚོགས་དོན་ཞབས་ཞུ་ཚན་ཆུང་དང་། གསར་འགྱུར་དྲིལ་བསྒྲགས་ཚན་ཆུང་། བདེ་འཇགས་འགན་སྲུང་ཚན་ཆུང་སོགས་བྱ་བྱེད་ཚན་ཆུང7བཙུགས་ཏེ་སོ་སོའི་བྱ་བ་འགན་ལེན་བྱ་རྒྱུ་ཡིན་ཟེར། 

ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་གོམས་སྲོལ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སྔ་མའི་རྣམ་གྲངས་ལ་མང་ཚོགས་ཀྱི་མིག་མངས་དང་ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཐང་ཆེན་ཞབས་བྲོ། ལུས་སྦྱོང་རླུང་སྒོམ། ཕའེ་ཆིའུ་སྤོ་ལོ། ན་གཞོན་པའི་རྐང་གྲུག ཕིང་ཕང་སྤོ་ལོ། ཕའེ་ཆིའུ་སྤོ་ལོ། མི་རིགས་སྲོལ་རྒྱུན་རྣམ་གྲངས་ཀྱི་བོད་འགྱིག་འགྲན་བསྡུར་བྱེད་འགོ་བརྩམས། འགོ་ཚུགས་པ་ནས་བཟུང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དོ་ཁུར་ཆེན་པོ་བྱས་ཤིང་། ཡུལ་དངོས་སུ་ཡོང་ནས་འགྲན་སྡུར་ལ་བལྟ་མཁན་མི་ཐེངས་ཁྲི3ཙམ་ཡོད་པ་དང་། དྲ་ཐོག་གི་ཆ་འཕྲིན་རྡེབ་ཚད་ཀྱང་མི་ཐེངས་ཁྲི10སླེབས་ཡོད། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།