ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་སུ་དབང་བོ་སྐྱོན་ཅན་མི་ཁྲི5.04ཡོད་པ་དང་། ཁྱིམ་ཚང་གི་མི་གྲངས་ཁྲི17.6དང་འབྲེལ་བ་ཡོད། “ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”དུས་སྐབས་སུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་དམངས་འཚོ་ལེགས་བཅོས་ཐད་ལ་ཚད་མཐོའི་མཐོང་ཆེན་བྱས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གི་གོང་འཕེལ་ལ་མཐོང་ཆེན་བྱས་ཤིང་། ཧུར་ཐག་གིས་དབང་བོ་སྐྱོན་ཅན་གྱི་འཚོ་གནས་དང་གོང་འཕེལ་གནས་ཚུལ་ལེགས་བཅོས་དང་། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་དམིགས་བསལ་སློབ་གསོ། ལས་ཞུགས་དང་ཁམས་གསོ་སོགས་ཀྱི་ཐད་ཀྱི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པ་དང་། དབང་བོ་སྐྱོན་ཅན་ལ་གསོ་སྦྱོང་དང་ལས་ཞུགས། ཁམས་གསོ་སོགས་ཀྱི་ཕྱོགས་ནས་བྱ་འགུལ་སྤེལ།

སྔར་ལས་ལྷག་པར་དབང་བོ་སྐྱོན་ཅན་གྱི་ཡོང་འབབ་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས 《ཀན་ལྷོ་ཁུལ་གྱི “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”དབང་བོ་སྐྱོན་ཅན་བྱ་གཞག་གི་གོང་འཕེལ་འཆར་འགོད》《ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་འབྱོར་འབྲིང་ལ་བསླེབ་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་བསམ་འཆར》དངོས་སུ་བཏོན་ནས་ལག་བསྟར་བྱས་པས། སྔར་ལས་ལྷག་པར་དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ཀྱི་ཁེ་དབང་འགན་སྲུང་བྱས་པ་དང་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་།

དབང་བོ་སྐྱོན་ཅན་གྱིས་སྤྱི་ཚོགས་སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་མཉམ་རོལ་ལ་ཆ་རྐྱེན་བསྐྲུན་པར་ཁག་ཐེག་བྱ་ཆེད། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ཁམས་གསོ་དང་ལས་ཞུགས། གསོ་བཅོལ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞིང་ཆེན་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་ལས་གཞི4ཡི་མ་དངུལ་སྒོར་ཁྲི60དང་། “བརྒྱ་སྟོང་ཁྲི”ཡི་ལས་གྲྭ་སྟེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གཞི་སའི་ལས་གཞི 3གྱི་མ་དངུལ་སྒོར་ཁྲི20ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕན་བདེའི་ཐེབས་རྩ་དང་ཧྲང་ཧའེ་ཞ་པེ་ཨེར་གྱོན་ཆས་ཀུང་སིས་ཞལ་འདེབས་བྱས་པའི་གྱོན་ཆས་ཁྲི2བརྩོན་ལེན་བྱས་པ་མ་ཟད་རྫོང་དང་གྲོང་ཁྱེར་སོ་སོར་འགྲེམ་གཏོང་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་སློབ་མ810ལ་རོགས་དངུལ་སྤྲད་དེ་མུ་མཐུད་དུ་སློབ་ཞུགས་བྱེད་ཐུབ་པ། རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི8.1གིས་དབང་བོ་སྐྱོན་ཅན་གྱི་སློབ་སྔོན་སློབ་མ27ལ་རོགས་སྐྱོར་བྱས་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་ལས་རིགས་ནུས་རྩལ་དང་རོང་འབྲོག་སྡེ་བའི་དབང་བོ་སྐྱོན་ཅན་གྱི་དངོས་མཁོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས13སྤེལ་བ་དང་། མི་ཐེངས1140གསོ་སྦྱོང་ལ་ཞུགས། 

ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས2017ལོའི་ལོ་འཁོར་གྱི་བྱ་བའི་ལས་འགན་ཚང་མ་ལེགས་གྲུབ་བྱུང་རྗེས། 《ཀན་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”དབང་བོ་སྐྱོན་ཅན་བྱ་གཞག་གི་གོང་འཕེལ་འཆར་འགོད》ཀྱི་ལས་འགན་ལ་དམིགས་ནས། ཁམས་གསོའི་འཇོན་མི་གསོ་སྐྱོང་བྱེད་པའི་ལས་གཞི་དང་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་བྱིས་པའི་བསྲང་བཅོས་གཤགས་བཅོས་ལས་གཞི་དང་། དབུལ་ཕོངས་ཅན་གྱི་སྐྱ་འགྲིབ་མིག་ནད་ཕོག་མཁན་གྱི་བསྐྱར་མཐོང་ལས་གཞི་ལག་བསྟར་བྱས་པས། དབུལ་ཕོངས་ཅན་གྱི་སྐྱ་འགྲིབ་མིག་ནད་ཕོག་མཁན་གྱི་ནད་པ300ལ་རིན་མི་བསྡུ་བར་གཤགས་བཅོས་བྱས་པ་དང་། རྐང་ལག་སྐྱོན་ཅན44ལ་རྐང་ལག་རྫུན་མ་སྒྲིག་པ་དང་། བཅོས་བསྲང་ཡོ་ཆས22དང་རྐུབ་སྟེགས་འཁོར་ལོ800བཅས་འགྲེམ་གཏོང་བྱས། ཁམས་གསོར་དམིགས་པའི་ཞབས་ཞུ“བརྒྱ་སྟོང་ཁྲི”ཡི་བྱ་འགུལ་གྱིས་རྣ་དབང་ཉམས་མཁན2000འཚོལ་བཤེར་བྱས།

2017ལོར།ཀན་ལྷོ་ཁུལ་གྱིས་ཧུར་ཐག་གིས་དབང་བོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོ་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་འཛིན་གྲྭའི་ཁྲོད་དུ་བཅུག་ནས་སློབ་གཉེར་བྱེད་པའི་བྱ་བ་སྤེལ་ཏེ། དབང་བོ་སྐྱོན་ཅན་གྱི་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་བྱིས་པར་སློབ་གསོ་ཐོབ་པ་འགན་ལེན་བྱས་པ་དང་། ཁུལ་ཡོངས་ཀྱི་ཉེན་འགོག་འགན་བཅོལ་དུ་ཞུགས་མཁན་དབང་བོ་སྐྱོན་ཅན་མི6135དབང་བོ་སྐྱོན་ཅན་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱིས་ནད་གཞི་ཚབས་ཆེན་བཟོས་པ་དང་རྒྱུ་ནོར་ཕྱོགས་བསྡུས་འགན་བཅོལ་གྱི་ཁོངས་སུ་བཅུག  ལས་འགན་ཆེད་གཉེར་ཨུ་ཡོན135དེ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་བཞག  ཁུལ་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན4802ཀྱི་འཚོ་བའི་གསབ་དངུལ་དང་དབང་སྐྱོན་ཚབས་ཆེའི་མི2945ཡི་གཉོར་སྐྱོང་གསབ་དངུལ་ཚང་མ་དམིགས་སར་འབྱོར་བ་དང་། ཁུལ་ཡོངས་ཀྱི་དཔང་འཛིན་དབང་བོ་སྐྱོན་ཅན25907ལ་ཆུ་གློག་དྲོད་ཀྱི་གསབ་དངུལ་སྤྲད། ལོ17 - 59བར་གྱི་དབང་བོ་སྐྱོན་ཅན་ཚང་མ་སྲིད་གཞུང་གིས་རྒན་གསོའི་མ་དངུལ་ཚབ་འཇལ་བྱེད་པའི་ཁོངས་སུ་བཅུག་པས། མི16682ལ་རྒན་གསོའི་མ་དངུལ་འཇལ། རིམ་པ་དང་བོའི་དབང་སྐྱོན་ཚབས་ཆེན192ལ་ཁྱིམ་སྡོད་བཅོལ་གསོ་གསབ་དངུལ་སྤྲད་པ་དང་། དཔང་འཛིན་སྐྱོན་ཅན3728ལ་ཡིག་ཚགས་དང་བྱང་བུ་བཟོས་ནས། ཚང་མ་ཁུལ་ཡོངས་ཀྱི་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་གྱི་ཁོངས་སུ་བཅུག།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།