ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུ་ལྷན་ཁང་གིས2017ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་གཉིས་དང་ཕྱེད་ཀ་བེད་སྤྱད་ནས 2017ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཅུ་གཅིག་པའི་ཚན་གཙོ་ལི་ཡོན་ཕིང་གྲོས་ཚོགས་སུ་ཞུགས་ནས་སློབ་སྟོན་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཝུའུ། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན། ཁྲིན་ཅང་ཧྥུན། ཡོན་ཞིན་ཧོ་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས། ཁུལ་ཨུའི་རྒྱུན་ཨུ་ཁང་གིས་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་ཚོགས་འདུའི་སྔོན་ལ་ཞིབ་ཚགས་ལྡན་པའི་ལག་བསྟར་ཇུས་གཞི་བཀོལ་ནས་གྲ་སྒྲིག་བྱ་བ་ཏན་ཏིག་གིས་སྤེལ། ཁུལ་ཨུའི་འགོ་ཁྲིད་གཙོ་བོས་གཙོ་འགན་ཁུར་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་བསམ་འཆར་བསྡུ་ལེན་བྱས་པ་དང་། ཚན་ཁག་གི་ལྟ་བསྡུར་ཞིབ་བཤེར་ཡི་གེ་བྲིས་ཏེ་ཚན་ཁག་གི་ཁོངས་མིའི་རང་ཉིད་ཀྱི་གཏམ་བཤད་གནད་བསྡུས་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་གནད་འགག་དམ་འཛིན་བྱས།

ཚོགས་ཐོག་ཏུ་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི 2016ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ཡོ་བསྲང་བྱ་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་བརྡ་ཁྱབ་སྤེལ། ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི་ཚབ་བྱས་ནས་ལྟ་བསྡུར་ཞིབ་བཤེར་བྱས་པ་མ་ཟད་གཏམ་བཤད། ཚན་ཁག་གི་ཁོངས་མི་རེ་རེས་རང་སྐྱོན་རང་བརྗོད་དང་ཕན་ཚུན་སྐྱོན་བརྗོད་བྱས་པ་དང་རྒྱུ་རྐྱེན་དབྱེ་ཞིབ་བྱས་ནས་ལེགས་བཅོས་བྱ་ཐབས་བཏོན།

ལི་ཡོན་ཕིང་གིས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་སྤྱོད་ཚུལ་དྲང་ལ་སྤུས་ཚད་མཐོ། ཚོགས་འདུའི་སྔོན་གྱི་གྲ་སྒྲིག་འཐུས་ཚང་ཡིན་ལ་ལྟ་བསྡུར་ཞིབ་བཤེར་ཡི་གེ་གཏིང་ཟབ་རེད་ཅེས་བསྟན་པ་མ་ཟད། ཆབ་སྲིད་འཛུགས་སྐྱོང་གཙིགས་སུ་བཟུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན།

ཡུས་ཁྲིན་ཧུའེ་ཡིས་ཕྱོགས་བསྡུས་གཏམ་བཤད་སྐབས་སུ་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་མཐའ་འཁྱོངས་དང་རང་ཉིད་གསར་བརྗེ་བྱེད་ཕོད་པ། ནན་སྐྱོང་དྲང་སྐྱོང་མངོན་པ་དང“མཐུན་སྒྲིལ་དང་སྐྱོན་བརྗོད། མཐུན་སྒྲིལ”གྱི་དམིགས་ཡུལ་མངོན་འགྱུར་བྱ་དགོས་ཞེས་བཤད།

ཞིང་ཆེན་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཅུ་གཅིག་པའི་ཁོངས་མི་ཡང་ཚོགས་འདུར་ཞུགས་ནས་སློབ་སྟོན་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།