ཅོ་ནེ་རྫོང་གི“སྤྱོད་ཁང་གསར་བརྗེ”ལ་ཕན་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི“སྤྱོད་ཁང་གསར་བརྗེ”ནི་རྗེས་ལུས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་རྣམ་པ་འགྱུར་ལྡོག་ཐེངས་ཤིག་ཡིན་ལ།  གཏིང་ཟབ་པའི་རོང་འབྲོག་སྡེ་བའི་ཁོར་ཡུག་གསར་བརྗེ་ཞིག་ཡིན་པ་དང་།  རོང་འབྲོག་སྡེ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་མེད་དུ་མི་རུང་བའི་གདམ་ཀ་ཞིག་ཀྱང་ཡིན།  སྤྱོད་ཁང་བསྒྱུར་བ་ལག་བསྟར་བྱས་ནས་ཞིང་སྡེའི་ཡུལ་སྐོར་ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་།  རོང་འབྲོག་སྡེ་བའི“འགྱུར་གསུམ”གསར་བརྗེའི་ཚོད་ལྟའི་བྱ་གཞག་དང་གྲོང་སྡེའི་ཡུལ་སྐོར་ལས་རིགས་ཀྱི་ཁེ་ལས་དང་མཉམ་ལས་ཁང་གསར་འཛུགས་བྱེད་པར་འཕེལ་རྒྱས་ཀྱི་མ་དཔེ་འཚོལ་ཞིབ་བྱས་ཏེ་གོང་འཕེལ་གཏོང་སའི་སྟེགས་བུ་ཞིག་བཙུགས།

ད་ལོ་ནས་བཟུང་། ཅོ་ནེ་རྫོང་མ་རུ་གྲོང་རྡལ་གྱིས“སྤྱོད་ཁང་གསར་བརྗེ”“སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ”འཛུགས་སྐྲུན་དང་། “རོང་འབྲོག་སྡེ་བའི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་འགུལ”གྱི་གོ་སྐབས་དང་བསྟུན་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་། སྤྱིལ་ཁྱིམ་ས་གནས་བསྒྱུར་བཀོད་དང་། རོང་འབྲོག་སྡེ་བའི“བསྒྱུར་བཀོད་བདུན”སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཕྱོགས་གཅིག་ནས་རོང་འབྲོག་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་རོང་འབྲོག་སྡེ་བའི་རྣམ་པ་དང་འཚོ་བ་ལེགས་བཅོས་སུ་བཏང་སྟེ་སྔོན་ཆད་ཀྱི་མི་གཙང་བའི་གཤིས་ངན་དོར། “སྤྱོད་ཁང་གསར་བརྗེ”དེ་རིམ་གྱིས་གྲོང་ཁྱེར་ནས་ཞིང་སྡེ་རུ་རྒྱ་ཁྱབ་ཏུ་སྤེལ་བ་དང་། གྲངས་ཀ་ཇེ་མང་ནས་སྤུས་ཚད་ཇེ་བཟང་དུ་སོང་ནས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་ཁས་ལེན་ཐོབ།

ཆེས་ཐོག་མར“སྤྱོད་ཁང་གསར་བརྗེ”ཡི་ཕན་འབྲས་ཐོབ་ས་ནི་མ་རུ་གྲོང་རྡལ་གྱི་དཔའ་ཡུལ་སྡེ་བའི་མང་ཚོགས་རེད། དཔའ་ཡུལ་སྡེ་མི་ཡོངས་ལ་ཁྱིམ་ཚང136དང་མི570ཡོད། 2016ལོརཅོ་ནེ་རྫོང་གི་སྐོར་དང་པོའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་ལས་གཞི་འཛུགས་བསྐྲུན་བྱེད་ཡུལ་ལ་དམིགས་བསལ་གྱིས་བདམས། སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས་སྡེ་བའི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བ། མི་སྡོད་ཁོར་ཡུག་གི་ཆ་རྐྱེན་སོགས་ཇེ་ལེགས་སུ་སོང་། དེ་ནས“བསྒྱུར་བཀོད་གསུམ”གྱི་རྨང་གཞིའི་སྟེང“བསྒྱུར་བཀོད་བདུན”གྱི་ལས་གཞི་ལེགས་གྲུབ་བྱུང་བ་དང་། “བསྒྱུར་བཀོད་བདུན”གྱི་ཐོག་མའི་བྱ་བ་ནི“སྤྱོད་ཁང་བསྒྱུར་བ”དེ་ཡིན། དེའང“བསྒྱུར་བཀོད་བདུན”ལག་བསྟར་བྱས་པ་བརྒྱུད་བོད་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་སྔར་ལས་མངོན་འདུག་ལ། ས་དེའི་གསར་བརྗེའི་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། སྤྱོད་ཁང་གསར་བརྗེ་ཡི་བྱ་ཐབས་གལ་ཆེན་དུ་བཟུང་ནས། ཚད་གཞི་དང་སྤུས་ཚད་མཐོ་བའི་སྤྲོ་སྐྱིད་གླིང་ག་འཛུགས་པར་རོགས་འདེགས་བྱས། 

ད་སྐབས་དཔའ་ཡུལ་སྡེ་བའི་སྤྲོ་སྐྱིད་གླིང་ག་ལ་སོང་ན། མཛེས་ཤིང་ལྟ་ན་སྡུག་པའི་སྒྲིག་ཆས་ལས་གཞན་མི་གཙང་བའི་དངོས་པོ་མཐོང་རྒྱུ་མེད། སྡེ་བའི་ཏང་ཀྲི་ཡི་པུའུ་ཧྲུའུ་ཅི་ཝང་ཅན་ཀྲུང་གིས་བཤད་པར། “ད་ནི་སྲིད་གཞུང་གི་སྣེ་ཁྲིད་དང་བསྒྱུར་བཀོད་འོག་ཏུ། ཁྱིམ་ཚང་རེ་རེ་ཡིས་གྲལ་དག་པའི་སྤྱོད་ཁང་བཀོལ་བཞིན་པ་དང་། ཆ་རྐྱེན་འདི་གྲོང་ཁྱེར་ནང་གི་སྤྱོད་ཁང་དང་འདྲ”ཞེས་བཤད། 

དེང་སྐབས་ཀྱི་དཔའ་ཡུལ་སྡེ་བའི་སྤྲོད་སྐྱིད་གླིང་ག་ལ་གྲལ་དག་པའི་ར་བ་དང་། ཇ་ཁང་། སྤྱོད་ཁང་བཅས་ཡོད་ལ། མི་རིགས་ཀྱི་བཟོ་བཀོད་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། ཟས་རིན་སྟབས་བདེ་ཞིང་ཞབས་ཞུ་ལེགས་ལ། རྫོང་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྡེ་བར་སྙེགས་བཞིན་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།