ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོས་སློབ་བསྡུ་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོས་སློབ་བསྡུ་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་གཙོས་གྲོང་ཁྱེར་དུ་ཚོགས།

ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིན་འགོ་ཚིགས་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་གནང་། །

བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མི་རིགས་ཀྱི་རེ་འདུན་སློབ་གསོ་ལ་རོགས་ལས་པ་དང་མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་འདིར་བཞུགས་ཀྱི་འཐུས་མི་རྣམས་འདུ་བའི་མི་རབས་གྱིས་དཀའ་ཁག་ལ་མ་འཛེམ་པར་འབད་པ་བྱེད་བཞིན་ཡོད། ང་ཚོར་ཐོབ་པའི་གྲུབ་འབྲས་ཀྲོད་རྨང་གཞིའི་སློབ་གསོ་དང་སློབ་ཆེན་གྱི་རིམ་པ་སོ་སོའི་སློབ་གསོ་བྱ་བ་བྱེད་མཁན་དག་གི་དཀའ་སྤྱད་འབད་བརྩོན་དང་འབྲེལ་བ་དམ་ཟབ་ཡོད། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ང་ཚོར་སྔར་བཞིན་འགལ་ཟླ་དང་གནད་དོན་མང་པོ་ཞིག་འཕྲད་པ་དང་། ད་དུང་བྱ་བ་མང་པོ་ཞིག་གཞོན་རབས་པའི་སློབ་གསོ་བྱ་བ་བྱེད་མཁན་དག་གིས་འབད་བརྩོན་ལྷོད་མེད་བྱ་དགོས། དེ་བས་ལས་གནས་འབད་བརྩོན་དང་དཔེ་གཞན་སྟོན། སྤྱི་ཚོགས་ལ་འགན་འཁུར་བ། སློབ་མ་དག་ལ་ཞབས་ཞུ་བསྒྲུབ་པའི་ཕུལ་བྱུང་གི་དགེ་རྒན་མང་པོ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་སྔར་ལས་ལྷག་པར་མི་རིགས་སློབ་གསོ་དྲང་གཞག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་པའི་ལྟ་བ་བཏོན་པ་དེས་ང་ཚོར་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་སྟོན་ཞིང་། ད་ལྟའི་སློབ་རིམ་འཕར་བ་དང་ལས་ཞུགས་སོགས་ཀྱི་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་འཕྲད་པ་ན་ང་ཚོར་འདི་ལྟ་བུའི་གྲོས་མོལ་སྤེལ་རེས་དང་། བསམ་འཆར་ཉན་ལེན། གསར་གཏོད་འཕེལ་རྒྱས་ཀྱི་གོ་སྐབས་དང་སྟེགས་བུ་ངེས་པར་དུ་མཁོ། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཚོགས་པ་འདི་རྒྱལ་ཁབ་གྱི་སྲིད་ཇུས་དང་མཐུན་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཡང་འཚམ་པར་མ་ཟད། ཀན་སུའུ་མི་རིགས་སློབ་གྲྭ་ཆེན་མོ་དང་སློབ་བསྡུ་ས་ཁུལ་སོ་སོའི་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཡར་རྒྱས་དང་འཕེལ་རྒྱས་ཀྱི་མཐུན་མོང་གི་རེ་འདུན་དང་ཡང་འཚམ། ཚོགས་ཞུགས་འཐུས་མི་དང་ལྷན་དུ་ནན་ཏན་སྒོས་གྲོས་བསྡུར་དང་གྲོས་མོལ་ཧུར་ཐག  བྱ་གཞག་ཆེན་པོ་མཉམ་འགོད་བྱེད་པ་དང་། མཉམ་དུ་ཡར་རྒྱས། ཐུན་མོང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་བརྩོན་དགོས་ཞེས་བསྟན།

ལི་ཝེ་ཕིན་གྱིས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་གཞི་རྩའི་གནས་ཚུལ་དང་བོད་སྐད་ཕྱོགས་སུ་བླངས་པའི་གཡུར་དུ་ཟ་བའི་འབྲས་བུ་ངོ་སྤྲོད་བྱས།  ཁོས་བགྲོ་གླེང་ཚོགས་འདུ་ཚོགས་པའི་དམིགས་ཡུལ་ནི་རྨང་གཞི་སློབ་གསོ་ཟུང་སྤྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་ཚན་འཛིགས་སྐྲུན་དང་ཆེད་ལས་སྒྲིག་བཀོད། སློབ་ཁྲིད་ཚན་ཞིབ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་སྒྱུར་བཅོས་དང་གོང་མཐོར་གཏོང་བར་སྐུལ་འདེད་བྱེད་པ་དང་བོད་ལྗོངས་ཞབས་ཞུ་ཤུགས་ཆེར་བཏོང་བ་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་བཏང་ནས་སློབ་བསྡུ་ས་ཁུལ་སོ་སོའི་བོད་རྒྱ་སྐད་གཉིས་སློབ་གསོ་རྒྱུན་མཐུད་བདེ་འཇགས་ངང་འཕེལ་བར་སྐུལ་བའི་ཆེད་དུ་ཡིན། སློབ་གླིང་གི་བྱ་གཞག་སོ་སོ་ད་དུང་འགོ་བརྩམས་པའི་དུས་རིམ་ད་སྐབས་ཡིན་པས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་མཐོ་བ་མ་ཟད་བགྲོ་གླེང་ཚོགས་འདུར་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས་སོ་སོ། དགེ་རྒན་དག་གི་རྒྱབ་སྐྱོར་དང་ཐུགས་ཁུར་མཁོ་བས། ཚོགས་ཞུགས་འཐུས་མིས་རྒྱ་བོད་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཀྱི་ཐབས་ཇུས་བགྲོ་གླེང་བྱེད་པ་དང་མཉམ་དུ་རང་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་ཐེབས་ཇུས་འདོན་པ་དང་ཉམས་མྱོང་བཟང་པོ་སྤེལ་ནས་མཉམ་དུ་ས་གནས་ལ་མཁོ་བའི་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྟན་འཇགས་ཀྱི་ཕྱོགས་སུ་ཧུར་བརྩོན་སྒོས་བྱས་རྗེས་འཇོག་རྒྱུའི་རེ་བ་ཞུས།

ཀན་ལྷོ་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་སློབ་བསྡུ་ས་ཁུལ་གྱི་སྐད་གཉིས་རིགས་ཀྱི་སློབ་འབྲིང་གི་སློབ་གཙོ་དང་སློབ་སྟོན་ཀྲུའུ་རེན་དང་ལས་ཐོག་དང་པོའི་སྐད་གཉིས་དགེ་རྒན་གྱི་འཐུས་ཚབ་པ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།