ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་འོས་འགན་སློབ་གསོ་དོ་མཉམ་སྒོས་གོང་འཕེལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དམིགས་སུ་བཀར་ནས་གོང་འཕེལ་བཏང་ཞིང་འགན་སྲུང་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། སློབ་སྒྲུབ་ཆ་རྐྱེན་ཧུར་ཐག་གིས་ཇེ་ལེགས་སུ་བཏང་བས། སློབ་གསོ་དོ་མཉམ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་། 2005ལོར“ཕལ་ཆེར་གཉིས”ཀྱི་དམིགས་ཚད་དུས་ལྟར་མངོན་འགྱུར་བྱུང་བ་དང་། 2011ལོར“ཕལ་ཆེར་གཉིས”ལ་རྒྱལ་ཁབ་རིམ་པའི་ཞིབ་བཤེར་ཐོབ། 2015ལོར་ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་རྩིས་ལེན་ཐོབ་པས། སློབ་གསོའི་བྱ་བ་དེ་ཆ་རྐྱེན་ཞན་པའི་སློབ་གྲྭ་ནས་ཚད་ལྡན་ཅན་གྱི་སློབ་གྲྭའི་ཕྱོགས་སུ་བསྒྱུར་བ་དང་། “ཕལ་ཆེར་གཉིས”དམིགས་ཚད་དུ་སླེབས་པ་ནས་དོ་མཉམ་གོང་འཕེལ་དུ་མདུན་སྐྱོད་བྱས།

《ཀན་སུའུ་ཞིང་ཆེན་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཀྱི་གཞི་རྩའི་ལྟ་སྐུལ་སློབ་སྟོན་དང་ཚོད་དཔག་ཞིབ་སྲོལ》གྱི་བླང་བྱ་ལྟར། གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ལྟེ་བའི་དམིགས་ཚད12དང་སྤྱིར་བཏང་དམིགས་ཚད28བཅས་དམིགས་ཚད་ལ་བསླེབས་པའམ་ལ་ལ་དམིགས་ཚད་ལས་བརྒལ་བས། དམིགས་ཚད་ལ་བསླེབས་ཚད100%ཡིན་པ། དམིགས་ཚད་གཙོ་བོ་རེ་རེ་འདི་ལྟ་སྟེ། སློབ་ཆུང་གི་འཛིན་གྲྭའི་ཆ་སྙོམས་མི་གྲངས36.13ཡིན་པ་དང་། དེའི་ཁྲོད་ནས་གྲོང་ཁྱེར་གྱི་སློབ་ཆུང་གི་མི་གྲངས་ནི40.92དང་། གྲོང་གསེབ་ཀྱི་ལྟེ་བའི་སློབ་ཆུང་གི་མི་གྲངས21.98ཡིན། སློབ་འབྲིང་འཛིན་གྲྭའི་ཆ་སྙོམས་མི་གྲངས48.41ཡིན། སློབ་ཆུང་སློབ་མས་ཆ་སྙོམས་ཀྱིས་ས་ཆ38.89སྤྱོད་པ་དང་སློབ་འབྲིང་སློབ་མས28.41སྤྱད། སློབ་ཆུང་སློབ་མའི་ཆ་སྙོམས་ཀྱི་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན11.09ཡིན་པ་དང་སློབ་འབྲིང་སློབ་མའི་ཆ་སྙོམས་རྒྱ་ཁྱོན10.07རེད། སློབ་མ་ལ་རྩིས་འཕྲུལ་སྤྱོད་པའི་བསྡུར་ཚད7 : 1དང་དགེ་རྒན་གྱིས་གློག་ཀློད་སྤྱོད་ཚད2 : 1རེད། སློབ་ཆུང་སློབ་མར་དཔེ་དེབ་ལྟ་ཚད་ཆ་སྙོམས་ཀྱིས་དེབ23.71ཡིན་པ་དང་། སློབ་འབྲིང་སློབ་མར་ཆ་སྙོམས་ཀྱིས་དེབ26.56ཐོབ་པ། འགུལ་སྐྱོད་ར་བ་དང་ཚོད་ལྟའི་སློབ་ཁྲིད་དཔྱད་ཆས། གླུ་དབྱངས་དང་ལུས་རྩལ། མཛེས་རྩལ་བཅས་ཀྱི་ཡོ་ཆས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཡོན་ཚད་བཅས་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་ཚད་ལ་བསླེབས།

《ཀན་སུའུ་ཞིང་ཆེན་གྱི་འོས་འགན་སློབ་གསོ་ཕལ་ཆེར་དོ་མཉམ་ཡོང་བའི་རྫོང་གི་ལྟ་སྐུལ་སློབ་སྟོན་དང་ཚོད་དཔག་ཚད་གཞི(ཚོད་ལྟ)》ཡི་ཁྲོད་ཀྱི་སློབ་ཞུགས་གོ་སྐབས་དང་འགན་སྲུང་གི་རྐྱེན་སྲོལ། དགེ་རྒན་གྱི་དཔུང་ཁག་དང་སྤུས་ཚད། དོ་དམ་བཅས་ཀྱིAརིམ་པའི་དམིགས་ཚད4དངBརིམ་པའི་དམིགས་ཚད15  Cརིམ་པའི་དམིགས་ཚད29བཅས་རིམ་པ་བཞིན་རང་བཤེར་བྱས། དམིགས་ཚད་སོ་སོ་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚོད་དཔག་གི་ཚད་གཞི་ལ་བསླེབས་པའམ་ཚད་གཞི་ལས་བརྒལ་བ་རེད། རང་བཤེར་དཔྱད་བསྡུར་བྱས་པའི་ཐོབ་སྐར་ནི97.5ཡིན་པ་དང་། ཁུལ་རིམ་པའི་བསྐྱར་དཔྱད་བྱས་པའི་ཐོབ་སྐར་ནི96.5རེད། 

    《ཀན་སུའུ་ཞིང་ཆེན་གྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་ངང་གོང་འཕེལ་བཏང་བར་མང་ཚོགས་ཀྱི་བློ་ཡིད་ཚིམས་ཚད་བརྟག་དཔྱད་བྱེད་པའི་ལག་བསྟར་བྱ་ཐབས(ཚོད་ལྟ)》ཀྱི་བླང་བྱ་དང་བྱ་བའི་སྒྲིག་རིམ་གཞིར་བཟུང་སྟེ། གཙོས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱས་ཤིང་། ཧུར་ཐག་གིས་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན། སློབ་མའི་ཁྱིམ་བདག་དང་མང་ཚོགས་གཞན་སྐུལ་སློང་བྱས་ཏེ་དྲ་ཐོག་ནས་སྤྱི་དམངས་ཀྱི་བློ་ཡིད་ཚིམས་ཚད་ལ་འདེམས་ཤོག་འཕེན་པར་ཞུགས་སུ་བཅུག་པ་དང་། མི་གྲངས་ཀྱང་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་ཚད་ལ་བསླེབས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།