ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་གྱི་བརྙན་འཕྲིན་སྐུལ་སློང་ཚོགས་འདུ་ཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20170511094751.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀྱིས་ཐེངས14བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་གྱི་བརྙན་འཕྲིན་སྐུལ་སློང་ཚོགས་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཚོགས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ་དང་། ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་ཀན་ལྷོའི་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས་པ་མ་ཟད། ཆེད་དོན་ཟུར་ཁྲིད་སྙན་ཞུ་ལ་ཉན། 

ཚོགས་ཐོག་ཏུ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་བཀོད་སྒྲིག་བྱས་ཤིང་། ཏང་གི་མི་རིགས་ཀྱི་གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་བར་སྐུལ་སྤེལ་བྱས། མི་རིགས་མཐུན་སྒྲིལ་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཱ་གོ་ཧྭ་ཡིས་ལན་ཀྲོའུ་ཡི་ཚོགས་ར་གཙོ་བོའི་ཐོག་ཏུ་ཁ་བྱང་ལ《ཀྲུང་ཧྭ་མི་རིགས་མཛའ་མཐུན་ཁྱིམ་ཚང་གཅིག་ཡིན་ལ་གཅིག་སེམས་གཅིག་ཏུ་འབྲེལ་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད།--- སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མི་རིགས་བྱ་བའི་འབྲེལ་ཡོད་རྒྱས་བཤད་གལ་ཆེན》ཞེས་པའི་ཆེན་དོན་ཟུར་ཁྲིད་སྙན་ཞུ་ཞུས། 

གྲོས་ཚོགས་ཀྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ན། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་འགུལ་སྐྱོད་ཀྲུང་དབྱང་གི་མི་རིགས་བྱ་བའི་ཐབས་ཇུས་དང་སྲིད་ཇུས་རབ་དང་རིམ་པའི་སྟེང་དུ་གཅིག་གྱུར་ཡོང་བར་སྣེ་ཁྲིད་དང་སྐུལ་སློང་བྱེད་ཐུབ་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་ཐུབ་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བར་ནུས་པ་གལ་ཆེན་ལྡན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱེད་ཐབས་གསར་གཏོད་བྱས་ནས། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་ལ་སྔར་ལས་ཤུགས་བསྣན་ཏེ། སྤྱི་ཚོགས་ཧྲིལ་བོ་མཉམ་དུ་མི་རིགས་མཐུན་སྒྲིལ་ལ་ཞུགས་པའི་རྣམ་པ་བཟང་བོ་ཆགས་སུ་འཇུག་དགོས། ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་འདུ་ཤེས་གསོ་སྐྱོང་བྱེད་པར་ཤུགས་སྣོན་ཞིང་། ཡང་དག་པའི་ཆབ་སྲིད་ཀྱི་སྣེ་ཤན་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ། ཡང་དག་པའི་སྒོ་ནས་མི་རིགས་ཀྱི་རྒྱུ་རྐྱེན་ཞུགས་པའི་འབྲེལ་ཡོད་འགལ་བ་དང་གནད་དོན་ཐག་གཅོད་གང་ལེགས་བྱ་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིག་གནས་གཅིག་མཐུན་ངོས་ལེན་བྱེད་ཤུགས་ཇེ་ལེགས་སུ་བཏང་ནས། དངོས་གནས་བྱ་བའི་ལས་ཕྱོད་ཇེ་བཟང་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ཇེ་བརྟན་དུ་གཏོང་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་གྲུབ་འབྲས་གསར་བ་ལེན་པར་སྐུལ་སྤེལ་བྱ་དགོས།

གྲོང་ཁྱེར་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།