ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གི་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་འབུར་དུ་ཐོན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཅོ་ནེ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཞིང་སྡེའི་མིའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལྟར། མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་ཁྲོད་ཀྱི་དོན་དངོས་དང་སྦྲེལ་ཏེ་ཡུལ་བབ་དང་བསྟུན་པར་བྱས་ཤིང་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་ཐད་རྣམ་པ་གསར་བ་ཆགས།

བརྟག་དཔྱད་ཞིབ་འཇུག་དང་རིགས་པའི་ཁུངས་འདེད་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་དུ། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་དང་། ཡུལ་བབ་དང་བསྟུན་པ་དང་མང་ཚོགས་གཙོར་འཛིན་པ། དཔེ་སྟོན་སྡེ་བའི་གནས་ཚུལ་ལྟར་སྡེ་བ་རེ་རེར《ཅོ་ནེ་རྫོང་གི“མཛེས་སྡུག་སྟོང་སྡེ”ཞེས་པའི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་ལག་བསྟར་བྱ་ཐབས》གཏན་ཁེལ་བྱས་ཤིང་། “སྤྱི་སྤྱོད་ཞབས་ཞུ་སྟབས་བདེ་དང་སྡེ་བའི་རྣམ་པ་གཙང་དག ཞིང་ཁ་དང་ལྡུམ་ར་མཛེས་སྡུག་ལྡན་པ། འཚོ་བ་འབྱོར་ཕྱུག་ལྡན་ལ་འཆམ་མཐུན་ཡིན་པའི”ཞིང་ཆེན་རིམ་པའི“མཛེས་སྡུག་སྟོང་སྡེ”ཡི་དཔེ་སྟོན་སྡེ་བ 3དང་། ཁུལ་རིམ་པའི་མཛེས་སྡུག་ཞིང་སྡེ 1རྫོང་རིམ་པའི་མཛེས་སྡུག་ཞིང་སྡེ 2བཅས་བཙུགས། ཞིང་ཆེན་རིམ་པའི“མཛེས་སྡུག་སྟོང་སྡེ”3གྱི་དཔེ་སྟོན་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་སྤྱོད་ཞབས་ཞུ། དམངས་ཕྱུག་ཐོན་ལས། གཙང་སྦྲ་སྒྲིག་བཅོས་བཅས་ཀྱི་ཐད་དུ་མ་དངུལ་སྒོར་དུང་ཕྱུར 505.46བཏང་།

 2016ལོར། ཅོ་ནེ་རྫོང་གིས་ཤང་གྲོང 10དང་རང་བྱུང་སྡེ་བ 14ལ“ཁྲི་སྡེ་གཙང་དག”ཚོད་འཛུགས་བྱས་ནས་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཐག་གཅོད་བྱེད་པ་གནད་འགག་ཏུ་བཟུང་ནས། རྒྱ་ཁྱབ་སྒོས་ཤང་དང་སྡེ་བའི་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་རྩ་འཛུགས་དང་སྐུལ་སློང་བྱས་ནས་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་པ་བརྒྱུད་སྡེ་བའི་རྣམ་པ་གཙང་དག་དང་ར་སྐོར་གཙང་དག་གི་དམིགས་འབེན་མངོན་འགྱུར་བྱུང་ཞིང་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་ཡུན་རིང་ཅན་གྱི་ནང་རྐྱེན་རིམ་བཞིན་ཆགས།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།