ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུས་གནད་ཁེལ་རོགས་སྐྱོར་གྱི་བྱ་ཐབས་གསར་བ་སྤྱད་དེ་འབྲེལ་གཉིས་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷའི་གསར་འགྱུར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོར། ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུས་གནད་ཁེལ་རོགས་སྐྱོར་གྱི་བྱ་ཐབས་གསར་བ་སྤྱད་དེ་ཤུགས་ཆེན་སྒོས་འབྲེལ་གཉིས་བྱ་འགུལ་སྤེལ།

ཚན་རིག་སྒོས་འདེབས་འཛུགས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ཞིང་བའི་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་བ། སྨན་རྫས་དང་ཚོད་མ་འདེབས་འཛུགས་ཚོད་ལྟའི་བྱ་འདོད་པའི་མང་ཚོགས་ལ་ལག་རྩལ་ཐད་ཀྱི་མཛུབ་སྟོན་དང་ཞིང་ལས་དངོས་རྫས་ཐད་ལ་རོགས་སྐྱོར་བྱས། ཞིང་ཕན་སྲིད་ཇུས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས། ཧུར་བརྩོན་སྒོས་མཐུན་སྦྱོར་བྱས་པ་བརྒྱུད། པ་ཅོ་སྡེ་བDརིམ་པའི་ཁྱིམ་ཚང79སྟེ་སྤྱིལ་བུ་བཅོས་སྒྱུར་གྱི་རྣམ་གྲངས་སུ་བཞག་པ་དང་། ཁྱིམ་ཚང་རེར་སྒོར་ཁྲི4རེ་ཁ་གསབ་བྱས། གཞན་ཡུལ་གནས་སྤོར་ལས་གཞིར་བརྟེན་ནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པ་མངོན་འགྱུར་བྱུང་། ཁྲིན་ཀྲོང་སོགས་རི་རྐེད་དུ་གནས་པའི་རང་བྱུང་སྡེ་བ7གྱི་མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་བསམ་འཆར་བསྡུ་ལེན་དང་མཐུན་སྦྱོར་ཡང་ཡང་བྱས་མཐར། གཞན་ཡུལ་དུ་གནས་སྤོ་བར་ནུས་པ་ཡོད་པའི་ཁྱིམ་ཚང66གཏན་ཁེལ་བྱས་ཤིང་བཀོད་སྒྲིག་གཞི་ས2སུ་ཁྱིམ་ཚང33རེ་བཀོད་སྒྲིག་བྱས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལས་གཞིར་བརྟེན་ནས། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་བྱ་ཐབས་གསར་བ་སྤྱད་པ། སྡེ་སྲོལ་དམངས་ཆིངས་ཀྱི་རྣམ་པ་སྤྱད་དེ་གཟའ་འཁོར་རེ་རེར་ཁྱིམ་ཚང5ཡིས་སྡེ་བ་ཧྲིལ་བོའི་གཙང་སྦྲར་འགན་ཁུར་རྒྱུ་དང་ཟླ་བ་རེར་ཁྱིམ་ཚང20ཡི་མང་ཚོགས་ཀྱི་སྡེ་བའི་ནང་གི་སྲང་བར་དང་ཞིང་ཁ། ཆུ་རྐ་བཅས་ཀྱི་ཁོར་ཡུག་གཙང་སྦྲ་ཆེན་མོ་ཐེངས་གཅིག་སྤེལ་བས། སྡེ་བ་གྲ་དག་དང་གཙང་མར་གྱུར། སྐྱེ་ཁམས་ནགས་ར་འཛུགས་སྐྲུན་བྱེད་པ་འགོ་འཛུགས་ས་བྱས་ནས། ཤུགས་ཆེན་སྒོས་འབྲེལ་གཏུག་སྡེ་བའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས། 2016ལོར་མ་དངུལ་སྒོར་ཁྲི20གྲབས་བསྡུ་བྱས་ནས་སྐྱེ་ཁམས་ནགས་ར་འདེབས་འཛུགས་བྱེད་པའི་རྨང་གཞིའི་སྟེང་དུ་ད་ལོ་ཡང་སྡེ་བ་གཉིས་ལ་སྐྱེ་ཁམས་ནགས་རའི་སྡོང་ཕྲུག་འདེབས་འཛུགས་ཀྱི་མ་དངུལ་སྒོར་ཁྲི50ཡི་རོགས་སྐྱོར་བྱས་ཤིང་། སྡེ་བ་གཉིས་ཀྱི་སྐྱེ་ཁམས་ནགས་ར་སྡོང་ཕྲུག་དང་ཏེན་ཙི་ནས་ཝང་ཆི་གྲོང་རྡལ་མངའ་ཁུལ་གྱི་གཞུང་ལམ་འགྲམ་ངོགས་གཉིས་ཀྱི་ལྗང་འགྱུར་དུ་བཀོལ་བ་དང་། སྡོང་ཕྲུག་གསོན་ཚད95%ཡན་ལ་བསླེབས།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།