འཐུས་མི་ཀྲོའུ་ཆང་གིས“རྒྱུད་གཅིག་ལམ་གཅིག”ལ་བརྟེན་ནས་ཀན་སུའུ་ཡིས་ལས་དོན་ཁག་ལྔ་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒྱུད་ཅིག་ལམ་གཅིག”གི་གྲོས་འགོས་ཀན་སུའུ་དེ་ཉིད་ནུབ་རྒྱུད་དུ་སྒོ་དབྱེ་བའི་འཐབ་ས་མདུན་མར་གྱུར་ཞིང་། ཉེ་ཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀན་སུའུ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཆང་གིས་ཀན་སུའུ་འཐུས་མི་ཚོགས་པའི་སྨྱན་སྦྱོར་སྒོ་དབྱེའི་ཉིན་མོར“རྒྱུད་གཅིག་ལམ་གཅིག”ལ་བརྟེན་ནས་ཀན་སུའུ་ཡིས་ལས་སྟེགས་དང་། བགྲོད་ལམ། ཕྱིར་ཕྱོགས། སྤེལ་རེས། ཞབས་ཞུ་བཅས་ལས་དོན་ཁག་ལྔ་ཡག་པོ་བསྒྲུབས་ནས་ཀན་སུའུ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

       ཀྲོའུ་ཆང་གིས་ཀན་སུའུ་ཡིས་གོམ་སྟབས་རྗེས་མར་ལན་ཀྲོའུ་ཁུལ་གསར་གཙོ་གནད་དུ་བྱས་པའི་དཔལ་འབྱོར་ལས་སྟེགས་ལ་སྤྱི་འདོམས་སྐུལ་སྤེལ་བཏང་ནས། ཡུལ་སྐོར་དུས་ཆེན་དང་ངོ་འཕྲད་གྲོས་མོལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་རྒྱལ་སྤྱིའི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བཏོད་པ་དང་སྦྲགས། གཙོ་གནད་ཐོག་ལན་ཀྲོའུ་དང་། ཏུན་ཧོང་། ཅཱ་ཡུས་ཀོན་འགག་སྒོ་བཅས་རྒྱལ་སྤྱིའི་མཁའ་འགྲུལ་ཁུལ་ཆེ་གྲས་གསུམ་དང་ལན་ཀྲོའུ་དང་། ཐན་ཧྲུའེ། ལང་ཇུ་བཅས་རྒྱལ་སྤྱིའི་སྐམ་སའི་ཁུལ་ཆེ་གྲས་གསུམ་འཛུགས་སྐྲུན་སོགས་གཙོ་ཚིགས་སུ་བརྩིས་ཏེ། ཕྱོགས་ཡོངས་ནས་ལྕགས་ལམ་དང་། སྐམ་ལམ། མཁའ་ལམ་བཅས་རྣམ་པ་སྣ་ཚོགས་མཉམ་འདྲེན་གྱི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་བར་ཁྱམས་ཡག་ཤོས་སྐྲུན་དགོས་ཞེས་གསུངས་པ་རེད།
      ཀྲོའུ་ཆང་གིས་ངོ་སྤྲོད་གནང་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་ཀན་སུའུ་ལ་འཕེལ་རྒྱས་ཀྱི་གོ་སྐབས་མི་ཉུང་བ་ཞིག་རག་ཡོད་ཅིང་། ན་ནིང་གཉེར་བའི་དར་གོས་ལམ་བུའི་(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག ཀན་སུའུ་དང་འབྲེལ་ཡོད་ཕྱོགས་དབར་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར1000བརྒལ་བ་དང་། ན་ནིང་ཀན་སུའུ་ནས་ཡོ་རོབ་དབུས་མ་དང་། ཨེ་ཤེ་ཡ་དབུས་མ། ཨེ་ཤེ་ཡ་ལྷོ་མ་བཅས་སུ་བཏང་བའི་དུས་གཏན་མེ་འཁོར་ཐེངས་གྲངས132བཏང་བ་དེ་དུས་མཚུངས་ལས116%འཕར་བ། ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར6.19ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།