ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས2017ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་གྲོས་ཚོགས་དང་ཁོངས་ཡོངས་ཡུལ་སྐོར་གྱི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་བསྡུས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2017-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀན་སུའུ་ཞིང་ཆེན་གྱིས2017ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་གྲོས་ཚོགས་དང་ཁོངས་ཡོངས་ཡུལ་སྐོར་གྱི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་གཙོས་སུ་ཚོགས།

ཚེས15ཉིན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་དང་གྲོང་ཁྱེར་སོ་སོའི་འགོ་ཁྲིད་དང་། དེ་མིན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཁག་གི་འཇོན་མི་བཅས་བསྡོམས་པས་མི300ལྷག་ཀན་ལྷོར་འཛོམས། ཧྲིན་ཀྲང་གཞོན་པ་ཞ་ཧུང་རྨིན་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཀྲིན་ཧྥུན། ཞིང་ཆེན་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཧོ་ཝེ་སོགས་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག  བསང་ཆུ་རྫོང་བླ་བྲང་དགོན་པ་ནས་བསང་ཁོག་བརླན་ས། བསང་ཆུའི་གནམ་གྲུ་ཐང་ནས་གཙོས་དུང་ཕྲུག་རྩྭ་ཐང་། བྲག་དམར་སྐྱེ་ཁམས་ཡུལ་སྐོར་ཆེད་ལས་སྡེ་བ། དེ་ནས་གཙོས་ཀྱི་མཚན་ལྗོངས་སོགས་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གཉིས་ཀྱི་མཛེས་ལྗོངས་ཁག་ཅིག་གི་འཛུགས་སྐྲུན་ལ་ཡུལ་དངོས་ལྟ་སྦྱོང་བྱས། ཁུལ་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་པ་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་སོགས་ཀྱིས་ལྟ་སྦྱོང་བྱེད་པར་འགྲོ་རོགས་བྱས།

ཡུལ་དངོས་ལྟ་སྦྱོང་དང་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་བརྒྱུད་དེ། ཚོགས་ཞུགས་མི་སྣས་ཀན་ལྷོའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་གྱི་བྱ་བར་ཐོབ་པའི་འབྲས་བུ་སོ་སོར་གདེང་འཇོག་མཐོན་པོ་དང་ཁས་ལེན་གང་ལེགས་བྱས། ཚང་མས་ཀན་ལྷོས་ཞིང་ཆེན་ཡོངས་ལས་སྔོན་ལ་ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་དང་རྒྱང་གཟིགས་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། སྤྱོད་ཁང་བསྒྱུར་བཀོད་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་ཡུལ་སྲོལ་གོམས་འདྲིས་ཀྱི་ལམ་ཐིག་བསྐྲུན་པ། ཤུགས་ཆེན་གྱིས་རྫོང་གྲོང་ཁྱེར་སོ་སོའི་མཁར་གྲོང་མཛེས་བཟོ་དང་ལྗང་མདོག་ཁྱམས་རིང་། ས་མུའུ་ཁྲི་ལྷག་གི་སྐེ་ཚེའི་གཞི་སའི་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱད་དེ། རིག་ལམ་གསལ་བ་དང་བྱེད་ཐབས་ནུས་ལྡན་ཡིན་ཞིང་གྲུབ་འབྲས་མངོན་གསལ་ཡིན་ལ། རྩ་ཆེ་བའི་ཉམས་མྱོང་དང་སྔོན་ཐོན་གྱི་སྒྲུབ་ཐབས་དེ་ཁུལ་དང་གྲོང་ཁྱེར་སོ་སོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་ལ་ཁྱབ་སྤེལ་གཏོང་དགོས་པར་བསམས།

ཚེས16ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་གྲོས་ཚོགས་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་བསྡུས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐོག་མར་ཆེད་སྒྲིག་བརྙན་ཐུང《ཀན་ལྷོ་ཁུལ་གྱིས“ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”གསར་སྐྲུན་བྱེད་པའི་དངོས་བྲིས》ལ་བལྟས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཀྲིན་ཧྥུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་སན་ཡུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིན་ཏུའོ་ཡིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས།

ཧྲིན་ཀྲང་གཞོན་པ་ཞ་ཧུང་རྨིན་ཚོགས་ཆེན་དུ་ཞུགས་པ་མ་ཟད་གཏམ་གལ་ཆེན་བཤད། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཤིས་ཚིག་ཕུལ་ཞིང་། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ཉམས་མྱོང་མཚམས་སྦྱོར་བྱས། ཞིང་ཆེན་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཧོ་ཝེ་ཡིས2016ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ཕྱོགས་སྡོམ་བྱས་ནས་བརྡ་ཁྱབ་སྤེལ།

ཀྲང་ཡེ་གྲོང་ཁྱེར་སྲིད་གཞུང་དང་ཏུན་ཧོང་གྲོང་ཁྱེར་སྲིད་གཞུང་། ཞིང་ཆེན་འགྲིམ་འགྲུལ་ཐིང་། ཞིང་ཆེན་ནགས་ལས་ཐིང་། ཞིང་ཆེན་གཞུང་ལམ་དང་མཁའ་ལམ་ཡུལ་སྐོར་ལས་དོན་ཚོགས་པ་སོགས་སྡེ་ཚན་གྱི་འགན་ཁུར་བས་ཚོགས་ཆེན་དུ་ཉམས་མྱོང་བརྗེ་རེས་བྱས། ཞ་ཧུང་རྨིན་གྱིས་གཏམ་བཤད་ཁྲོད་དུ2016ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། 2017ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བར་ཞིབ་ཕྲའི་བླང་བྱ་བཏོན།

ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཝང་ཡུང་། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན་སོགས་ཁུལ་གྱི་འགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཞིང་ཆེན་སྲིད་གཞུང་གི་ལས་བགོས་འགོ་ཁྲིད་ཀྱིས་གྲོང་ཁྱེར་དང་ཁུལ་སོ་སོ། དེ་མིན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང2017ལོའི་ཡུལ་སྐོར་བཅོས་སྒྱུར་གོང་འཕེལ་གྱི་དམིགས་ཚད་ལས་འགན་གཙོ་བོའི་འགན་འཁྲིའི་ཡི་གེ་བཞག་པ་དང་། ཞིང་ཆེན་ཡུལ་སྐོར་གོང་འཕེལ་ཨུས་གྲོང་ཁྱེར་དང་ཁུལ་སོ་སོའི་ཡུལ་སྐོར་ཅུས་དང་བདེ་འཇགས་ཐོན་སྐྱེད་དང་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་བཞག ཚོགས་ཐོག་ཏུ་ད་དུང་ཡུལ་སྐོར་ལས་རིགས་གོང་འཕེལ་གྱི་སྔོན་ཐོན་གྲོང་ཁྱེར་དང་ཁུལ་ལ་གཟེངས་བསྟོད་བྱས་ཤིང་། ཡིག་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང2017ལོའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།