ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་བ་ཙེ་རྫོང་གིས་ས་ཆ་བསྡུ་ལེན་བཤིག་སྤོའི་ཁ་གསབ་རོགས་དངུལ་སྒོར་ཁྲི48.5འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་འགོ་ནང་ཐང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གཞུང་ལམ་གྱི་ས་ཆ་བསྡུ་ལེན་ཐོ་འགོད་བྱ་བ་ཕྱོགས་ཡོངས་ནས་གྲུབ། བསྡོམས་པས་ས་ཆ་བསྡུ་ལེན་གྱི་གྲོས་མཐུན་ཆིངས་ཡིག18བཞག་པ་དང་། ཁ་གསབ་རོགས་དངུལ་སྒོར་ཁྲི48.5འགྲེམ་གཏོང་བྱས།

ཁ་གསབ་རོགས་དངུལ་མ་སྤྲད་པའི་སྔོན་དུ།  ས་ཆ་བསྡུ་ལེན་བྱ་བའི་ཚན་ཆུང་སོ་སོས་ཁ་གསབ་རོགས་དངུལ་དང་ས་ཆ་བསྡུ་ལེན་རྒྱ་ཁྱོན་སོགས་སྤྱི་བསྒྲགས་བྱས་ཤིང་།  མང་ཚོགས་ལ་གསལ་ཆ་ཡོད་པའི་དབང་ཆ་དང་ལྟ་སྐུལ་གྱི་དབང་ཆ་འགན་ལེན་ཡོད་པ་བྱས་པ་མ་ཟད།  ཞིང་ཁྱིམ་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་བརྒྱུད་དེ་ཡིག་ཐོག་ནས་མ་དངུལ་འགྲེམ་གཏོང་བྱེད་པར་ཡར་ཞུ་ཞུས་པ་དང་།  ས་ཆ་བསྡུ་ལེན་ཁྱིམ་ཚང་དང《བ་ཙེ་རྫོང་འགོ་ནང་ཐང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་ཆིངས་ཡིག》བཞག་ནས།  འགོ་ནང་ཐང་གྲོང་རྡལ་དང་ལས་གཞིའི་གཞུང་སྒྲུབ་ཁང་།  རྫོང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ།  ཞིང་བའི་ཁྱིམ་ཚང་བཅས་ཕྱོགས་བཞིའི་མིང་བཀོད་དེ་མ་དངུལ་དུས་ཐོག་དང་བདེ་འཇགས།  ཡང་དག་པའི་སྒོ་ནས་འགྲེམ་གཏོང་བྱེད་པ་ཁག་ཐེག་བྱས་ནས་མ་དངུལ་འགྲེམ་གཏོང་གི་བརྒྱུད་རིམ་ཡོངས་བསྒྲགས་དང་དྲང་བདེན་ཡིན་པ་མངོན་འགྱུར་བྱུང་།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།