ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་ཁང་གླ་དམའ་བའི་སྡོད་ཁང་གི་བོགས་གཏོང་གསབ་དངུལ་སྒོར་ཁྲི281འགྲེམ་གཏོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་མི་སྒེར་གྱིས་རེ་འདུན་ཞུ་བ་དང་། སྡེ་ཁུལ་གྱིས་བརྟག་དཔྱད་ཞིབ་བསྡུར་བྱེད་པ། ཤང་གྲོང་གིས་ཞིབ་བཤེར་གཏན་འབེབས་དང་དམངས་སྲིད་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་པ། སྡེ་ཁུལ་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཡོངས་བསྒྲགས་ཐེངས་གཉིས་བྱེད་པ་བཅས་ཀྱི་གོ་རིམ་ལྟར། རེ་འདུན་ཞུ་བ་དང་ཆ་རྐྱེན་དང་མཐུན་པའི་མཁར་གྲོང་གི་ཡོང་སྒོ་དམའ་བ་དང་སྡོད་ཁང་ཐད་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ“འགན་ལེན་བྱ་འོས་པ་འགན་ལེན་བྱེད་པ”ལག་བསྟར་བྱས་ཏེ། ད་ལོར་ཁང་གླ་དམའ་བའི་སྡོད་ཁང་འགན་སྲུང་བྱེད་པའི་ཁྱིམ་ཚང143གྱི་མི316ལེགས་སྒྲིག་བྱས།

མིག་སྔའི་བར་དུ། མི་རེར་ཟླ་རེར་སྨི་གྲུ་བཞི་མ་རེར་སྒོར6.5ཡི་ཚད་གཞི་ལྟར། རྒྱ་ཁྱོན་སྨི་གྲུ་བཞི་མ15ཡི་ཚད་གཞི་འགན་སྲུང་བྱས་ཏེ། ཁང་གླ་དམའ་བའི་སྡོད་ཁང་འགན་སྲུང་བྱེད་པའི་ཁྱིམ་ཚང961གི་མི2405ལ་ཁང་གླ་དམའ་བའི་སྡོད་ཁང་གི་བོགས་གཏོང་གསབ་དངུལ་སྒོར་ཁྲི281འགྲེམ་གཏོང་བྱས་ཏེ། མཁར་གྲོང་གི་ཡོང་སྒོ་དམའ་བའི་ཁྱིམ་ཚང་ཁང་བ་སྡོད་དཀའ་བའི་གནད་དོན་ནུས་ལྡན་གྱིས་ཐག་བཅད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།