ཀྲུང་གོ་བོད་ཀྱི་དྲ་བ།

བྰ་ཙེ་རྫོང་གིས་གཅིག་བསྡུས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བྰ་ཙེ་རྫོང་གི་སྡོད་ཁང་འཛུགས་སྐྲུན་ཁང་དང་གྲོང་རྡལ་དང་རྫོང་སྤྱི་བདེ་ཅུས། རྫོང་བཟོ་ཚོང་ཅུས། ཟས་རིགས་དང་སྨན་རིགས་ལྟ་སྐུལ་ཅུས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཚན་ཆུང་བཞི་རུ་བགོས་ཏེ་གྲོང་ཁྱེར་གྱི་ཚོང་ཁང་དང་བརྡ་ཁྱབ་ཡིག་བྱང་རྫུན་མ། སྡོད་མིའི་སྡོད་ཁང་ཉེ་འཁོར་གྱི་གད་སྙིགས་སོགས་ལ་ཉིན་ལྔའི་རིང་གཅིག་བསྡུས་ཀྱིས་བཅོས་བསྒྱུར་བྱས་པ་རེད།

གཅིག་བསྡུས་བཅོས་བསྒྱུར་བྱེད་པའི་གོ་རིམ་ཁྲོད། མི་སྣ་གཏན་འཁེལ་བྱེད་པ་དང་དུས་ཚོད་གཏན་འཁེལ་བྱེད་པ། ས་གནས་གཏན་འཁེལ་བྱེད་པ། ལས་འགན་གཏན་འཁེལ་བྱེད་པ་སོགས་གཏན་འཁེལ་བཞིའི་བྱ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་དུས་མཚུངས་སུ་རླངས་འཁོར་ལ་སྐོར་ཞིབ་བྱེད་པ་དང་རྐང་ཐང་ལ་སྐོར་ཞིབ་བྱེད་པ་ཟུང་འབྲེལ་བྱས་ནས་ཧུར་བརྩོན་སྒོས་གཅིག་བསྡུས་བཅོས་བསྒྱུར་ལག་ལེན་བྱས་པ་དང་། མི་གཞི་རྩ་དང་དཔལ་ཡོན་ཁྲིམས་སྐྱོང་།  སློབ་གསོ་གཙོ་བོ་དང་ཆད་པ་ཕལ་བ་ཡིན་པ་རྒྱུན་འཁྱོངས་བྱས་ནས་ནན་ཏན་དང་ཞིབ་ཚགས། བརྩོན་སེམས་ཀྱིས་ཁྲིམས་ལུགས་ཁྲིམས་སྐྱོང་གི་ཁྱབ་བསྒྲགས་སློབ་གསོའི་བྱ་བ་ལེགས་པར་སྒྲུབ་དགོས་པ་དང་། སྔོ་ཚལ་ཚོང་ར་དང་ཚོང་རའི་ཁྲོམ་གཞུང་། ཆུ་ལམ། མི་དམངས་ཀྱི་སྡོད་ཁང་ཉེ་འགྲམ་གྱི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དོ་དམ་ལ་ཤུགས་སྣན་ནས་གཙོ་བོ་འཛིན་པ་དང་དཀའ་གནད་སེལ་བ། མྱུར་དུ་ཁྲིམས་སྐྱོང་གོ་རིམ་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།