ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ6ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། 2025ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ཡུན་ནན་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཁུན་མིང་གྲོང་ཁྱེར་གྱི་ཤར་རླུང་ཐང་ཆེན་དུ་འཚོགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ6ཐོབ་པ་མ་ཟད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཀྱི་བཀོད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་པར་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡུན་ནན་དུ་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་དུ་བསྟར་བ་གང་ལེགས་ཀྱིས་མངོན་པར་བྱས་ཡོད། 

ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་གསུམ་པ་ཡིན་ལ།“རི་བོ་གཉིས”ཀྱི་འདུ་ཤེས་བཏོན་ནས་ལོ་ངོ20འཁོར་བའི་ཉིན་མོ་ཡང་ཡིན། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། 2025ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱེད་སྒོའི་བརྗོད་དོན་ནི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པ་དང་། རྒྱལ་ཡོངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་པེ་ཅིན་གྲོང་ཁྱེར་དུ་འཚོགས། ཡུན་ནན་ཞིང་ཆེན་གྱིས་དུས་མཉམ་དུ་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ། 

ལྗང་མདོག་ཐཱན་དམའི་འཁོར་སྐྱོད་འཕེལ་རྒྱས་ཐད། 2024ལོར་ཞིང་ཆེན་ཡོངས་ཀྱི་སྡེ་ཚན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད2020ལོ་ལས20.3%མར་ཆག་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་དེ་དུས་རིམ་གྱི་མྱུར་ཚད་ལས་ལེགས་པོ་ཡོད། ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ལས་བཏོན་པའི་གློག་ཤུགས་སྟོང་ཝ་དུང་ཕྱུར1.3ལས་བརྒལ་བ་དང་། ལྗང་མདོག་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་དང་ནུས་ཁུངས་གཙང་མའི་ཉོ་ཚོང་གློག་ཤུགས་ཀྱིས་བཟུང་བའི་བསྡུར་ཚད། འགྱུར་རྡོ་མིན་པའི་ནུས་རྒྱུ་ཡིས་ཐེངས་གཅིག་གི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་བཅས་སོ་སོར87%དང80%། 46%བཅས་ཟིན་ཡོད། 

གཞན་ཡང་། ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་གྱི་ཐཱན་ཉུང་གཏོང་གི་རོགས་རམ་ནུས་པ་རིམ་བཞིན་མངོན་ཡོད། ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་།“ནུས་ཁུངས་དང་ཆུ་ཁུངས། འབྲུ་རིགས། ས་གཤིས། གཏེར་ཁ། རྒྱུ་ཆ”བཅས་གཞི་གཅིག་ཅན་གྱི་གྲོན་ཆུང་ལ་སྐུལ་འདེད་བཏང་ལ། རྒྱལ་ཡོངས་ཀྱི་གཙོ་གནད་ལས་རིགས་ཀྱི་ནུས་ཕྱོད་ཀྱི“སྣེ་ཁྲིད་པའི”ཁེ་ལས་མིང་ཐོའི་ནང་བདམས་པའི་ཁེ་ལས12དང་། རྒྱལ་ཁབ་རིམ་པའི་སྤྱི་པའི་སྒྲིག་གཞིའི་ཆུའི་ཕན་འབྲས་ཀྱི“སྣེ་ཁྲིད་པའི”ཁེ་ལས9ཚུད་ཡོད་པ་དང་། རྒྱལ་ཁབ་ཀྱི་བཙོག་ཆུ་གཙང་སེལ་གྱི་ལྗང་མདོག་ཚད་གཞིའི་བཟོ་གྲྭ2ལ་གདེང་འཇོག་ཐོབ་པ་དང་། རྒྱལ་ཡོངས་ཀྱི་སླར་སྐྱེས་ཆུ་བེད་སྤྱོད་ཚོད་ལྟའི་གྲོང་ཁྱེར3འཛུགས་སྐྲུན་བྱས་ཡོད། སྲ་གཟུགས་སྙིགས་རོ་རིགས་དྲུག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ལ་བརྟན་རླིང་ངང་སྐུལ་འདེད་བཏང་ནས། སྲ་གཟུགས་སྙིགས་རོ་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།