ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་ཡུན་ནན་དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7216ལ་བསླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ནས་ཤེས་གསལ་ལྟར་ན། ད་ལོའི་ལོ་སྟོད་དུ་ཡུན་ནན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་རྒྱུན་མཐུད་ངང་ལེགས་པོར་བསྒྲུབས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བས། དབུལ་ཐར་རྫོང་གི་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་འཛད་སྤྱོད་འགྲོ་སོང་ཅུང་མགྱོགས་པོར་འཕར་ཡོད། 

ལོ་སྟོད་དུ། ཡུན་ནན་དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7216ཡིན་པ་དེ་ལོ་གོང་མའི་དུས་མཉམ་ལས6.4%འཕར་བ་དང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་བརྒྱ་ཆའི་ཚེག0.2ཀྱིས་མཐོ་བ་རེད། དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བར་གྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། 

གླ་ཕོགས་རང་བཞིན་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཡོད། ལོ་སྟོད་དུ། དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར3282ཡིན་པ་དང5.8%འཕར་ནས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི45.5%ཟིན་པས། ཡོང་འབབ་བརྒྱ་ཆའི་ཚེག2.6འཕར་བར་སྐུལ་ཁྲིད་བྱས་ཡོད། གཉེར་སྐྱོང་ཡོང་འབབ་ཁེར་གཙང་ཅུང་མགྱོགས་པོར་འཕར་ཡོད། ལོ་སྟོད་དུ། ཡུན་ནན་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དར་རྒྱས་གོང་འཕེལ་བྱུང་བ་དང་། ཕག་ཤའི་རིན་གོང་འཕར་ལ། གསོ་སྤེལ་ཕན་འབྲས་ཇེ་ཆེར་ཕྱིན་ཞིང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཇེ་ལེགས་སུ་ཕྱིན་ནས། དབུལ་ཐར་རྫོང་གི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་གཉེར་སྐྱོང་ཡོང་འབབ་ཁེར་གཙང་སྒོར1946ཡིན་ལ5.9%འཕར་ནས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི27%ཟིན་པས། ཡོང་འབབ་བརྒྱ་ཆའི་ཚེག1.6འཕར་བར་སྐུལ་ཁྲིད་བྱས་ཡོད། སྤོ་སྒྱུར་ཡོང་འབབ་ཁེར་གཙང་མགྱོགས་མྱུར་ངང་འཕར་ཡོད། ལོ་སྟོད་དུ། ཡུན་ནན་གྱི་ཕྱི་ལ་ལས་བཟོ་བྱེད་པར་སོང་བའི་གྲོང་གསེབ་ངལ་རྩོལ་ནུས་ཤུགས་ཀྱིས་འཁྱེར་ཡོང་བའི་ཡོང་འབབ་འཕར་བ་དང་། ནོར་སྲིད་མ་དངུལ་གཏོང་བ་དང་དངུལ་རྩའི་རྒྱབ་སྐྱོར། རོགས་སྐྱོབ་འགན་སྲུང་སོགས་ཀྱི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་དུ་མངོན་ནས། དབུལ་ཐར་རྫོང་གི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་སྤོ་སྒྱུར་ཡོང་འབབ་ཁེར་གཙང་སྒོར1903ལ་བསླེབས་པ་དང8%འཕར་ནས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི26.4%ཟིན་པས། ཡོང་འབབ་བརྒྱ་ཆའི་ཚེག2.1འཕར་བར་སྐུལ་ཁྲིད་བྱས། 

ལོ་སྟོད་དུ་ཡུན་ནན་དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་འགྲོ་སོང་སྒོར7008ཡིན་པ་དེ་ལོ་གོང་མའི་དུས་མཉམ་ལས6.1%འཕར་ཡོད། འཛད་སྤྱོད་གཏོང་སྒོ་རིགས་ཆེན་པོ་བརྒྱད་ལ“འཕར་དྲུག་ཆག་གཉིས”ཀྱི་ཁྱད་ཆོས་མངོན་པ་དང་། གྱོན་གོས་དང་། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་འགྲོ་སོང་ཉུང་དུ་ཕྱིན་པ་དང་། གཞན་པའི་འཛད་སྤྱོད་འགྲོ་སོང་རིགས་དྲུག་ཚང་མ་འཕར་ཡོད། དེའི་ནང་འཕེལ་རྒྱས་རྣམ་པའི་འཛད་སྤྱོད་གཏོང་སྒོའི་བསྡུར་ཚད37.7ཟིན་ནས་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག1.7འཕར་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།