ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ6པའི་བར། ཞིང་ཆེན་རིམ་པའི་རྣམ་གྲངས་གལ་ཆེན1775ཡི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱེད་ཚད62.62%ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཚེག8.34མཐོ་རུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་འདེགས་སྐྱོར་བྱེད་ཚད38.32%ཟིན་ཡོད། དེའི་ནང་དམངས་གཉེར་ཁེ་ལས382ཡི་དངུལ་གཏོང་རྣམ་གྲངས་ཀྱི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱེད་ཚད53.38%དང་།“གལ་ཆེན་ནང་གི་འགངས་ཆེན”གྱི་རྣམ་གྲངས76གི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱེད་ཚད58.81%ཟིན་ནས་ལས་འགན་ཕྱེད་ཀ་ཡན་ལེགས་འགྲུབ་བྱུང་ཡོད།
ད་ལོ་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་རྣམ་གྲངས་ལ་དམ་འཛིན་གལ་ཆེན་དང་རྣམ་གྲངས་ཆེན་པོ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུས་ལྡན་གྱི་དངུལ་གཏོང་མུ་མཐུད་དུ་རྒྱ་ཆེར་བཏང་བ་དང་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས820ཡི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱེད་ཚད63.35%ཡིན། དེའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས42ཀྱི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ཚང་མ་ལེགས་འགྲུབ་བྱུང་བ་དང་། འགྲིམ་འགྲུལ་རྣམ་གྲངས190དང་ཆུ་བེད་རྣམ་གྲངས216། གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས290། འགག་སྒོ་རྣམ་གྲངས17བཅས་ཀྱི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱུང་ཚད་ཚང་མ་བཅུ་ཆའི་དྲུག་ལས་བརྒལ་ཡོད།
ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་ནས་བལྟས་ན། ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རྣམ་གྲངས955ཡི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱུང་ཚད61.75%ཡིན། དེའི་ནང་ནུས་ཁུངས་ཕུད་པའི་བཟོ་ལས་རྣམ་གྲངས439དང་། ནུས་ཁུངས་བཟོ་ལས་རྣམ་གྲངས275ཡི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱུང་ཚད་སོ་སོར53.15%དང་69.6%ཟིན་ཡོད། ཞིང་ལས་རྣམ་གྲངས88དང་གྲངས་འཛིན་དཔལ་འབྱོར་རྣམ་གྲངས46གི་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱུང་ཚད་བཅུ་ཆའི་དྲུག་ལས་བརྒལ་ཡོད། རིག་གནས་ཡུལ་སྐོར་རྣམ་གྲངས82དང་ཚོང་དོན་ཟོག་འགྲེམས་རྣམ་གྲངས25ལ་ལོ་འཁོར་གྱི་འཆར་གཞིའི་དངུལ་གཏོང་ལེགས་འགྲུབ་བྱུང་ཚད་སོ་སོར72.76%དང57.79%ཟིན་ཡོད། །