ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་ཡུན་ནན་གྱིས་རྒྱལ་མཚམས་སུ་འཛུལ་ནས་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི251སྣེ་ལེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཐོན་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་རྒྱལ་མཚམས་སུ་འཛུལ་བའི་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི251.03སྣེ་ལེན་བྱས་པ་དེ་དུས་མཉམ་ལས86%འཕར་ཡོད།

ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་གྱིས་ཆུ་ཚོད240ཡི་རྒྱལ་མཚམས་སྒྲོལ་བར་ཐོ་འགོད་མི་དགོས་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོགས་པ་ཞི་ཧྲོང་པན་ན་རུ་བསྐྱོད་པར་རྒྱལ་མཚམས་བརྒལ་བའི་ཐོ་འགོད་མི་དགོས་པའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཡོད། ཁུན་མིང་གྲོང་ཁྱེར་གྱིས“མེ་ཏོག་ལ་གཟིགས་པའི”བརྗོད་དོན་མེ་འཁོར་པེ་ཅིན་དང་ཞ་མོན་སོགས་གྲོང་ཁྱེར་དང་སྦྲེལ་མཐུད་བྱས་ཏེ། ཆུ་ཚོད240ཡི་རྒྱལ་མཚམས་སུ་འཛུལ་བའི་ཐོ་འགོད་མི་དགོས་པའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་བ་ཡུན་ནན་དུ་བསྐྱོད་པའི་ས་ཚིགས་དང་པོར་གྱུར་ཡོད། 2024ལོའི་ཟླ12པར། རྒྱལ་ཁབ་གནས་སྤོས་དོ་དམ་ཅུས་ཀྱིས་ཆུ་ཚོད240ཡི་རྒྱལ་མཚམས་འཛུལ་བར་ཐོ་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས། ཁུན་མིང་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི31.9ཟིན་ནས་དུས་མཉམ་ལས49.6འཕར་ཡོད། 

ད་ལོའི་ལོ་སྨད་དུ། ཡུན་ནན་ཞིང་ཆེན་གྱིས“སྐྱེ་དངོས་སྣ་མང་རང་བཞིན+རིག་གནས་སྣ་མང་རང་བཞིན+འཛམ་གླིང་ཤུལ་བཞག་ཕུན་སུམ་ཚོགས་པའི”ལྟེ་བའི་ཁྱད་ཆོས་ལ་དམ་འཛིན་བྱས་ཏེ། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཐོན་རྫས་མ་ལག་གསར་གཏོད་བྱས་ཏེ། ཀྲུང་ལའོ་ལྕགས་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཤིང་། ལྕགས་ལམ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། རྒྱལ་ནང་གི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་གཙོ་བོ་དང་མཉམ་འགུལ་བྱས་ཏེ།“ལྟེ་གནས་གྲོང་ཁྱེར་གྱི་རིག་གནས་ཉམས་ལེན+ཡུན་ནན་གྱི་རང་བྱུང་མི་ཆོས་ལ་ཡུལ་སྐོར་གཏིང་ཟབ་བྱེད་པ”ཞེས་པའི་ཡུལ་སྐོར་ལམ་ཐིག་བཏོན་ཏེ། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་རྣམས་ལ་སྔར་ལས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་འདོན་སྤྲོད་བྱ་རྒྱུ་རེད། 

ཡུན་ནན་ཞིང་ཆེན་གྱིས་ད་དུང་རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་སྟབས་བདེ་ཅན་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཡུལ་སྐོར་བྱ་ཡུལ་གཙོ་བོ་ཁུལ(གྲོང་ཁྱེར)དྲུག་གི་ཚོད་ལྟའི་ས་ཚིགས14བརྒྱུད་དེ“སྐད་རིགས་མང་བའི་བློ་འདྲི་ལྟེ་གནས་གཅིག་དང་།《ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ཞབས་ཞུའི་ལག་དེབ》གཅིག རིག་ནུས་ཡིག་སྒྱུར་སྒྲིག་ཆས་གཅིག སྟབས་བདེའི་གཏོང་སྤྲོད་རྣམ་པ་གཅིག འཕྲིན་གཏོང་ཞབས་ཞུའི་ས་ཚིགས་གཅིག”བཅས“གཅིག་ཅན་ལྔ”ཡི་ཚད་ལྡན་ཞབས་ཞུ་ལ་སྐུལ་འདེད་བཏང་སྟེ། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་ཁྲོམ་རའི་སྤུས་ཚད་ཇེ་མཐོར་རྒྱུར་སྐུལ་འདེད་བཏང་སྟེ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་པོ“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད”པའི་ཉམས་ལེན་བྱེད་པར་ཡིད་དབང་འགུག་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།