ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟག་མཆོངས་འགག་གི་དབྱར་དུས་མཛེས་ལྗོངས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཀྱག་ཀྱོག་གི་འབྲི་ཆུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆར་ཞོད་ཀྱི་དུས་ཚིགས་སླེབས་པ་དང་བསྟུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོངས་འགག་མཛེས་ལྗོངས་ཁུལ་གྱི་འབྲི་ཆུའི་ཆུ་རྒྱུན་ཇེ་དྲག་ཏུ་སོང་སྟེ་རྔམ་བརྗིད་ཀྱི་གྲོག་རོང་མཛེས་ལྗོངས་ཤིག་ཆགས་པ་དང་། དེས་རྒྱལ་ནང་གི་ས་ཁུལ་སོ་སོའི་ཡུལ་སྐོར་པ་མང་པོ་བཀུགས་ཡོད།

ས་ཐམ་ཁ་བ་དང་ཧ་པ་གངས་རིའི་བར་གྱི་གྲོག་རོང་ཟབ་མོ་དུ་འབྲི་ཆུ་ཀྱག་ཀྱོག་ངང་བཞུར་བ་དང་། རྟ་མཆོག་བང་གིས་མཆོངས་པ་ཇི་བཞིན་བྲག་རྡོའི་གསེབ་ནས་ཆུའི་ཟེགས་མ་མཁའ་རུ་འཕྱོ། མཛེས་ཤིང་རྔམ་བརྗིད་ལྡན་པའི་ཡུལ་ལྗོངས་དེས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཀུན་གྱིས་སེམས་པ་འཕྲོག་ཡོད།

གཙང་བོ་ཆུ་ཆེན་དང་་གྲོག་རོང་གངས་རི་སོགས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས། བདེ་ཆེན་ཁུལ་གྱིས་སྟག་མཆོངས་འགག་གི་ལམ་ཐིག་སོགས་རྐང་ཐང་ཡུལ་སྐོར་ལམ་ཐིག་ཆེན་མོ་བཅུ་བཏོན་པ་མ་ཟད། རྐང་ཐང་དང་སྐྱེ་ཁམས་སྲུང་སྐྱོང་དང་། རྐང་ཐང་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱས། ད་ལྟར་གངས་རི་དང་གྲོག་རོང་སྦྲེལ་བའི་ལམ་ཐིག་རེ་རེས་རྐང་ཐང་དཔལ་འབྱོར་ལྟེ་བར་བྱས་ནས། མང་ཚོགས་སྔར་ལས་མང་པོར་འཕེལ་རྒྱས་ཀྱི་ཁེ་ཕན་བསྐྲུན་ཡོད། །

སྟག་མཆོངས་འགག་གི་རྔམ་བརྗིད་ལྡན་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་པ་མང་པོ་བཀུགས་པ།

སྟག་མཆོངས་འགག་མཛེས་ལྗོངས་ཁུལ་གྱི་མི་ཚོགས།

ཆུ་རྒྱུན་དྲག་པའི་འབྲི་ཆུ།

ཕྱི་རྒྱལ་གྱི་ཡུལ་སྐོར་པས་སྟག་མཆོངས་འགག་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ།

ཕྱི་རྒྱལ་གྱི་ཡུལ་སྐོར་པས་སྟག་མཆོངས་འགག་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ།

ཡུལ་སྐོར་པས་སྟག་མཆོངས་འགག་གི་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།