ཀྲུང་གོ་བོད་ཀྱི་དྲ་བ།

སྒྲོལ་མ་ལྷ་མོས་རང་གི་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྒྲོལ་མ་ལྷ་མོ་ནི་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་སྡེའི་མི་མིང་གྲགས་ཅན་ཞིག་ཡིན། མོས་ཆུང་དུས་ནས་རང་གི་ཨ་ཕ་གམ་དུ་བོད་ལྭ་བཟོ་ཚུལ་སྦྱངས། 2007ལོར་མོ་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མི་སྣར་བདམས།

ཁ་མདོག་རྣམ་པར་བཀྲ་བའི་མི་རིགས་གྱོན་ཆས་མོའི་ལག་ཏུ་ཕྱུག་འགྱུར་ལམ་དུ་གཏོད་པའི“གསེར་གྱི་ལྡེ་མིག”ཏུ་གྱུར་ཞིང་། 2014ལོར་མོས་སྤམ་རྩེ་རགས་ཆ་ཙིན་ཁ་མི་རིགས་སྲོལ་རྒྱུན་གྱོན་ཆས་ཚད་ཡོད་ཀུང་སི་བཙུགས་པ་དང་། རྣམ་པར་བཀྲ་བའི་མི་རིགས་གྱོན་ཆས་རེ་རེ་ནི་སྒྱུ་རྩལ་བརྩམས་ཆོས་དང་འདྲ། ཀུང་སི་དེ་ས་གནས་མང་ཚོགས་ཀྱིས་གྱོན་ཆས་ཉོ་སར་གྱུར་བ་མ་ཟད་ཡུལ་སྐོར་པ་མང་པོ་ཡང་བསུས་པ་རེད།


རྒྱུད་འཛིན་ཁྲོད་གསར་གཏོད་བྱེད་པ།

སྒྲོལ་མ་ལྷ་མོའི་ཨ་ཕ་ནི་སྤམ་རྩེ་རགས་སུ་མིང་ཡོད་པའི་བོད་ཀྱི་གྱོན་ཆས་བཟོ་མཁན་ཞིག་ཡིན་པས། ཕ་ཡིས་རང་གི་ལག་རྩལ་དེ་བུ་མོར་ཁྲིད། ད་ལྟ། སྒྲོལ་མ་ལྷ་མོས་བོད་ལྭ་བཟོས་ནས་ལོ40ལྷག་འདས་པ་དང་། རང་གི་ལག་རྩལ་དེ་མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་བྱ་ཆེད། སྒྲོལ་མ་ལྷ་མོས་སྔོན་ཆད་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་སྔ་རྗེས་སུ་མོ་དང་བོད་ལྭ་བཟོ་ཚུལ་སློབ་མཁན་མི20ལྷག་ཡོད། སྐབས་རེར་ཚོང་ཟོག་མངག་ཐོ་འགྲུབ་ཆེད་ལོ་རེར་ཐ་ན་ཡང་གྲོང་མི་མི་ཐེངས200ལྷག་གླ་དགོས། མོས་ནན་གྱིས་གྲོང་མི་དེ་དག་གི་འགྲམ་དུ་ཡང་ཡང་ཁྲིད་པ་དང་དུས་ཚོད་རིང་ཚེ་གྲོང་མི་ཚོས་རང་གི་སྒོ་ཁ་ནས་ལས་ཀ་བྱེད་ཐུབ་པ་མ་ཟད། ལག་རྩལ་ཞིག་ཀྱང་སློབ་པ་རེད།


ལག་རྩལ་གྱིས་ཕྱུག་འགྱུར་ལམ་བུ་བཏོད་པ།

སྒྲོལ་མ་ལྷ་མོའི་བོད་ལྭ་ལ་རང་གི་ཁྱད་ཆོད་དང་སྤུས་ཀ་ལྡན་པ་དང་། སྐུད་པ་རེ་རེ་ནང་དུ་ལག་རྩལ་པའི་ལག་རྩལ་མཚོན་ཡོད། “ང་ཚོའི་བོད་ལྭ་ཚང་མ་ལག་བཟོས་རྐྱང་རྐྱང་ཡིན་པས། གོ་རིམ་རྙོག་འཛིང་ཆེ་ལ་ལོ་གཅིག་གི་ནང་དུ་ལྭ200ལྷག་མ་གཏོགས་བཟོ་མི་ཐུབ། དེས་བས་རིན་གོང་ཡང་ཅུང་མཐོ་བ་རེད། ད་ལོར་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་སླེབས་ཡོད”ཟེར། ལག་རྩལ་ལེགས་པས་སྒྲོལ་མ་ལྷ་མོའི་བོད་ལྭ་ལ་ཚོང་ལམ་མེད་པར་སེམས་ཁུར་བྱེད་མི་དགོས། ལོ་རེར་མངག་ཐོ་རྐྱང་རྐྱང་གིས་ཁྱིམ་མི་ཡོངས་ལ་བྲེལ་འཚུབ་སྐྱེལ་བ་དང་། ཉེ་ལམ། སྒྲོལ་མ་ལྷ་མོས་ལོ་གསར་བའི་མངག་ཐོའི་བོད་ལྭ་བཟོ་མགོ་བརྩམས་པ་དང་། མོས་རང་གི་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།