ཀྲུང་གོ་བོད་ཀྱི་དྲ་བ།

“ཞིང་ཁྱིམ་དཔེ་ཁང+”དཔེ་དབྱིབས་ཀྱིས་སྡོད་དམངས་ཀྱི་འཚོ་བ་ཕུན་ཚོགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་ཀྱི་ཉི་ཟླ་རྒྱལ་ཐང་གྲོང་རྡལ་བྱང་རྒྱུད་གཞིས་ཁུལ་གྱི་ཞིང་ཁྱིམ་དཔེ་ཁང་དུ་མི་རིགས་གྱོན་ཆས་གོན་པའི་རྒན་པ་ཚོས་དཔེ་ཀློག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ལོ་མགོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བྱང་རྒྱུད་གཞིས་ཁུལ་གྱི་ཞིང་ཁྱིམ་དཔེ་ཁང་དངོས་སུ་གཉེར་མགོ་ཚུགས་པ་དང་། མིག་སྔར་དཔེ་ཁང་དེ་ནང་དཔེ་དེབ2000ལྷག་ཡོད་པ་ཏང་སྲིད་གཞུང་ལུགས་དང་མི་རིགས་མཐུན་སྒྲིལ། རྩོམ་རིག བྱིས་པའི་དཔེ་དེབ། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་སྐོར་འདུས་པ་མ་ཟད། དཔེ་ཁང་དུ་དཔེ་ཀློག་བྱེད་དུ་ཡོང་བ་དང་དཔེ་ཆ་གཡོར་དུ་ཡོང་བའི་སྡོད་དམངས་ཚོར་རིན་མེད་ངང་ཆུ་ཁོལ་དང་དྲོད་སྦུག བྱིས་པའི་ཁྱིམ་གཞིས། བྱིས་པའི་རི་མོ་འབྲི་ས་སོགས་ཀྱི་སྒྲིག་བཀོད་དང་ཞབས་ཞུ་མཁོ་འདོན་བརྒྱུད། དྲོད་ཁོལ་ལྡན་པའི་ཞབས་ཞུ་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། 

བྱང་རྒྱུད་གཞིས་ཁུལ་གྱི་ཏང་སྤྱིའི་ཀྲུའུ་པུའུ་ཧྲུའུ་ཅི་ཝང་ཞའོ་མའེ་ཡིས་གསར་འགོད་པར། ཞིང་ཁྱིམ་དཔེ་ཁང་གཉེར་མགོ་ཚུགས་ནས་ལོ་གཅིག་འགོར་ཚུན། དཔེ་དེབ་རིགས་དང་ཕན་ཐོགས་པའི་མང་ཚོགས་མུ་མཐུད་དུ་མང་དུ་འགྲོ་བཞིན་ཡོད་པ་དང་། གཞིས་ཁུལ་གྱིས“ཞིང་ཁྱིམ་དཔེ་ཁང+བྱིས་པའི་ཁྱིམ་གཞིས+དཔེ་ཀློག་བྱེད་སའི”དཔེ་དབྱིབས་ཀྱིས་ཞིང་ཁྱིམ་དཔེ་ཁང་འཁོར་བསྐྱོད་ཡག་པོ་བྱུང་ཞེས་བརྗོད། མོས“ལས་ཀའི་ཉིན་མོར་རྒྱུན་ལྡན་ངང་དཔེ་ཁང་སྒོ་འབྱེད་པ་མ་ཟད། ང་ཚོས་བྱིས་པ་དང་ན་གཞོན་ཚོའི་དྲོས་ཇ་ངལ་གསོ་བའི་དུས་ཚོད་གཞིགས་པས། གཟའ་མཇུག་ཡང་ཉིན་ཧྲིལ་བོར་དཔེ་ཁང་སྒོ་འབྱེད་པས་བྱིས་པ་ཚོས་དེར་རི་མོ་འབྲི་ཆོག་པ་དང་དཔེ་ཀློག་བྱས་ཆོག ད་དུང་བྱིས་པ་རྩེད་ས་བཀོད་སྒྲིག་བྱས་ཡོད་ལ། དཔེ་ཀློག་བྱེད་པའི་སྡོད་དམངས་ཀྱིས་བྱིས་པ་ཚོ་རྩེད་སར་ཁྲིད་ཆོག”ཅེས་བརྗོད།

བྱང་རྒྱུད་གཞིས་ཁུལ་གྱི་རྒྱུན་སྡོད་མི་གྲངས11000ལྷག་ཡོད་པ་དང་། ཞིང་ཁྱིམ་དཔེ་ཁང་སྐྲུན་ཁ་དེས་སྡོད་དམངས་ཀྱི་རིག་གནས་འཚོ་བ་ཕུན་ཚུགས་སུ་བཏང་བས། ཉིན་རེར་དཔེ་ཀློག་དང་དཔེ་ཆ་གཡོར་དུ་ཡོང་མཁན་ཤིན་ཏུ་མང་། ཞིང་ཁྱིམ་དཔེ་ཁང་གཉེར་ནས་ལོ་གཅིག་འགོར་བའི་ཚུན། དཔེ་གཡོར་ཐོ་འགོད་སྟེང་གི་མིང་དེ་དག་གིས་མི་ཚོས་དཔེ་ཀློག་བྱས་པའི་གནས་ཚུལ་མཚོན་ཡོད།

ད་ལོར་ལོ73ལོན་པའི་ལས་ངལ་གསོས་པའི་རྒན་པ་ལའོ་ཀྲུའུ་མིན་ནི་ཞིང་ཁྱིམ་དཔེ་ཁང་གི་རྒྱུན་ཕེབས་མགྲོན་པོ་ཡིན་ལ། ཁོས་རྒྱུན་པར་རྒན་པ་ཚོའི་སྣེ་ཁྲིད་དེ་ཏང་གི་གཞུང་ལུགས་སྲིད་ཇུས་སློབ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་པ་མང་ཚོགས་ལ་བརྗོད་བཞིན་ཡོད། ཁོས“ལས་ངལ་གསོས་ཀྱང་བསམ་བློ་རྗེས་སུ་ལུས་མི་རུང་ལ། རང་གིས་སློབ་ཆ་ཀློག་དགོས་པ་མ་ཟད། མང་ཚོགས་སྣེ་ཁྲིད་བྱས་ནས་མཉམ་དུ་སློབ་སྦྱོང་བྱེད་དགོས། དེ་ལྟར་མཉམ་གྱིས་ཡར་རྒྱས་ཡོང་ཐུབ”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།