ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བདེ་ཆེན་ཁུལ་གྱི་རྨང་གཞིའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི35.67ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བདེ་ཆེན་ཁུལ་སྨན་བཅོས་འགན་བཅོལ་ཅུའུ་ནས་རྒྱུས་ལོན་ལྟར་ན། ད་ལོར་བདེ་ཆེན་ཁུལ་ཡོངས་སུ་རྨང་གཞིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི35.67ཟིན་པ་དང་། དེ་ནང་ལས་བཟོ་པ་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི5.64དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི30.03ཟིན་ནས། རྨང་གཞིའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡན་རྒྱུན་འཁྱོངས་བྱས་ཡོད་པས། ཞིང་ཆེན་རིམ་པས་འགན་ཁུར་གྱི99.8%ལེགས་འགྲུབ་ཟིན་པ་དང་། ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

རྒྱུས་ལོན་ལྟར་ན། ཉེ་བའི་ལོ་གསུམ་རིང་། བདེ་ཆེན་ཁུལ་གྱི་རྨང་གཞིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི36ཡས་མས་སུ་ཟིན་ཡོད་ལ། དེ་ནང་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཞུགས་ཚད2021ལོའི་ཁྲི30.56ནས་ཁྲི30.03མར་ཆག་ནས་མི་ཁྲི0.53ཇེ་ཉུང་དུ་ཕྱིན། ལོ་རེའི་ཆ་སྙོམས1.1%ཇེ་ཉུང་དུ་ཕྱིན། ལས་བཟོ་པ་རྨང་གཞི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད2021ལོའི་ཁྲི5.32ནས་ཁྲི5.64འཕར་ཞིང་། མི་ཁྲི0.32ཀྱིས་འཕར་སྣོན་བྱུང་ནས་ལོ་རེར་འཕར་ཚད3.5%ཟིན་ཡོད། གཞི་གྲངས་གཉིས་ལས་མངོན་པ་ལྟར་ན། བདེ་ཆེན་ཁུལ་གྱི་རྨང་གཞིའི་འགན་བཅོལ་ཞུགས་ཚད་སྒྲིག་གཞི་མུ་མཐུད་དུ་ལེགས་སུ་ཕྱིན་ནས་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན།

2023ལོར། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་རྨང་གཞིའི་སྨན་བཅོས་འགན་བཅོལ་མ་དངུལ་བསྡུ་བའི་ཚད་གཞི་སྒོར1020བཏང་ཞིང་། དེ་ནང་ནོར་སྲིད་ཁ་གསབ་སྒོར640དང་མི་སྒེར་གྱིས་སྒོར380སྤྲོད་པ་ཡིན། བདེ་ཆེན་ཁུལ་ལ་ཀྲུང་དབྱང་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གིས་བོད་འབྲེལ་ས་ཆར་ཐུགས་ཁུར་བྱེད་པའི་འོག ད་ལོར་མི་རེར་སྒོར70ཡི་ཀུན་ཕན་རང་བཞིན་གྱི་འགན་བཅོལ་ནང་ཞུགས་པའི་མ་དངུལ་སྤྲོད་རྒྱུ་དང་། དཀའ་ངལ་ལྡན་པའི་མི་ལ་བསྙེན་བཀུར་དང་ཆེས་དམའ་བའི་འཚོ་བའི་འགན་སྲུང་དངུལ་ལེན་པའི་རིགས། ལྟ་ཞིབ་ཚད་འཇལ་མི་རིགས་ལ་དངུལ་ཡོངས་ཡང་ན་ཆ་ཤས་འགན་བཅོལ་ནང་ཞུགས་པར་རོགས་སྐྱོར་བྱ་རྒྱུ་ཡིན་པས། བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་འགན་བཅོལ་ནང་ཞུགས་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི2700ལྷག་ཟིན་རྒྱུ་དང་། དེས་བདེ་ཆེན་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་ཕྱིན་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།