ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་ད་ལོར་མ་དངུལ་སྒོར་ཁྲི8000བཀོད་སྒྲིག་བྱས་ཏེ་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟའི་ས་ཚིགས་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིན་གྱི་གནས་ཚུལ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི8000བཀོད་སྒྲིག་བྱས་ཏེ། རྫོང8དུ་ཞིང་ཆེན་རིམ་པའི་ཞིང་སྡེ་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟའི་ས་ཚིགས་སྤེལ་བར་རྒྱབ་སྐྱོར་བྱས།

ཀྲུང་དབྱང་གི་ཞིང་སྡེ་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟ་དང་ལྔ་བཟང་གཉིས་འཕྲོད་ཀྱི་མཛེས་སྡུག་འཆམ་མཐུན་ཤང་སྡེའི་ཚོད་ལྟའི་ལམ་སྲོལ་འཚོལ་ཞིབ་ཀྱི་གཙོ་གནད་ལས་འགན་ལ་གཞིགས་ཏེ། གསར་སྐྲུན་དམངས་ཕྱུག་གི་ཤང་སྡེའི་ཐོན་ལས་འཕེལ་རྒྱས་ལམ་ལུགས་དང་སྡེ་བའི་ཚོགས་འཛུགས་འཕེལ་རྒྱས་ལམ་ལུགས། ཤང་སྡེའི་འཇོན་མི་དར་སྤེལ་ལམ་ལུགས་དང་ཤང་སྡེའི་བཅོས་སྐྱོང་ལམ་ལུགས་བཅས་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་རིམ་པའི་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟའི་ལས་དོན་ལེགས་པོར་སྤེལ་བ་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིབ་འཇུག་བྱས་ནས《ཞིང་ཆེན་རིམ་པའི་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟའི་ལས་གཞི་དོ་དམ་བྱེད་ཐབས》བཟོས་ཏེ། མ་དངུལ་རྒྱབ་སྐྱོར་གཙོ་གནད་དང་སྙན་ཞུ་བླང་བྱ་སོགས་ཞིབ་ཕྲ་བཟོས་པའི་དུས་མཚུངས་སུ། ནོར་སྲིད་མ་དངུལ་ཁ་གསབ་རྩ་དོན་དང་མ་དངུལ་བེད་སྤྱོད་ཀྱི་ལྡོག་ནུས་རྩིས་ཐོ། མ་དངུལ་སྣ་མང་ཅན་གྱི་དངུལ་གཏོང་ལམ་ལུགས་སོགས་ཀྱི་ཐད་གཏན་འཁེལ་གསལ་བོར་བཟོས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་གྱི་སྐས་རིམ་འབྲེལ་མཐུད་མངོན་འགྱུར་བྱས།

ཞིང་ཆེན་རིམ་པའི་ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟའི་ས་ཚིགས་དེ་ཁྱད་ཐོན་ཐོན་རྫས་ཀྱི་ལས་རྣམ་གསར་བ་གསར་འཛུགས་དང་ཤང་སྡེའི་མཉམ་ལས་པ་གསོ་སྐྱོང་། གྲངས་ཀའི་བཅོས་སྐྱོང་སོགས་ཐད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། ཡུལ་བབ་དང་བསྟུན་ནས་ནོར་སྲིད་ཀྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ཐབས་ལམ་གསར་འཛུགས་བྱས།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།