ཀྲུང་གོ་བོད་ཀྱི་དྲ་བ།

“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མའི་གྲ་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས23ཉིན། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་དང་ཏ་ལི་དང་ལི་ཅང་གིས་མཉམ་འབྲེལ་ངང་སྐུལ་འདེད་བྱས་པའི་ཡུན་ནན་ནུབ་བྱང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཚུལ་སྒྱུར་རིམ་སྤར་ཐེངས་དང་པོའི་མཉམ་སྒྲུབ་མཉམ་འབྲེལ་ཚོགས་འདུའི་གྲ་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནས་བསྡུས།

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་བའེཝེ་ཏུང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་།

ཚོགས་འདུའི་ཐོག་གྲ་སྒྲིག་མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་དང་། ཡུལ་སྐོར་འཕེལ་རྒྱས་ཚོགས་དོན་ཞབས་ཞུ་ཚན་ཆུང་། རིག་གནས་ཡུལ་སྐོར་ཚོང་གཉེར་ཁྱབ་སྤེལ་ཚན་ཆུང་། དྲིལ་སྒྲོག་སྒྲོག་སྤེལ་ཚན་ཆུང་སོགས་ཀྱི་ཚན་ཆུང12ཀྱིས་རིག་གནས་ཡུལ་སྐོར་དུས་ཆེན་དུས་མགོའི་སྐུལ་འདེད་གནས་ཚུལ་ཡར་ཞུ་བྱས་ནས། རིག་གནས་ཡུལ་སྐོར་དུས་ཆེན་རིང་གི་བྱ་འགུལ་སྤེལ་རིང་གི་བདེ་འཇགས་དང་གཙང་སྦྲ། འཕྲལ་བསྟུན། སྣེ་ལེན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་འདོམས་བྱས།

ཀྲང་ཝེ་ཏུང་གིས་གསུང་བཤད་ནང་ཉེ་ལམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་ལས་དོན་དང་ཕན་ནུས་ཁས་བླངས་པ་དང་། ཁོང་གིས་བསྟན་དོན། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མ་སྤེལ་རྒྱུ་དེ་ནི་གཏིང་ཟབ་སྒོས་ཞིང་ཆེན་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གིས་ཁོངས་ཡོངས་ཡུལ་སྐོར་དང་ དུས་ཧྲིལ་བོའི་ཡུལ་སྐོར། རྒྱུ་ཆ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལག་བསྟར་བྱེད་པའི་བྱེ་བྲག་དོན་འཁྱལ་བྱས་པ་དང་། དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་འབབ་འཕར་གྱི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། ཡུལ་སྐོར་ཐོན་ཁུངས་ལེགས་ཆ་བརྒྱུད་དེ་བདེ་ཆེན་འགྲེམ་སྟོན་དང་བདེ་ཆེན་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོས་མཁོ་བསྟུན་པ་ཡིན།

ཀྲང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། བདེ་ཆེན་ཁུལ་ཡོངས་ཀྱིས་བསམ་བློའི་འདུ་ཤེར་མཐོ་རུ་བཏང་ནས། དུས་ཆེན་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་གསལ་བོར་རྟོགས་དགོས་ལ། གང་ལྟར་དུས་ཆེན་སྤེལ་བའི་ཐབས་ལམ་བྱང་ཆུབ་པར་བཅུག་ནས་འགལ་སྐྱོད་རང་འགུལ་དང་། བྱ་འགུལ་སོ་སོ་བདེ་འཇགས་གོ་རིམ་ལྡན་པར་འགན་ལེན་གང་ལེགས་བྱས་ནས་མཇུག་ཡག་པོ་སྒྲིལ་དགོས། གཞན་ཡང་མཉམ་འབྲེལ་བསམ་བློ་ཇེ་བརྟན་དུ་བཏང་ནས་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གཅིག་གྱུར་འཆར་འགོད་མཉམ་འབྲེལ་ལ་ཤུགས་བསྣན་ནས་བསམ་བློ་ཞིབ་མོ་གཏོང་བ་དང་བཀོད་སྒྲིག་བཀོད་འདོམས་བྱེ་བྲག་ཡིན་པ། འགན་ཁུར་ལག་བསྟར་དོན་འཁྱོལ་ཡིན་པ་བཅས་བྱེད་དགོས། ཁོར་ཡུག་ཡག་པོ་སྐྲུན་ནས་དྲིལ་སྒྲོག་སྒྲོག་སྤེལ་ལས་དོན་གང་ལེགས་སྤེལ་ནས་རིགས་སོ་སོའི་སྨྱར་སྦྱོར་བེད་སྤྱད་དེ་ཕྱོགས་ཡོངས་དང་ཟུར་མང་པོ། རིམ་པ་གཏིང་ཟབ་སྒོས་དྲིལ་སྒྲོག་སྒྲོག་སྤེལ་བྱེད་དགོས། ཤུགས་ཆེན་པོས་དུས་ཆེན་བྱ་འགུལ་གྱི་དགའ་སྤྲོའི་རྣམ་པར་ཡོངས་སུ་བརྟེན་དགོས། བྱ་འགུལ་ཧྲིལ་བོར་གཙོ་བོར་བཟུང་ནས་མུ་མཐུད་དུ་ཇུས་འགོད་ཞིབ་ཕྲ་བཟོ་བ་དང་རང་འགུལ་གྱིས་གནད་དོན་འཚོལ་ནས་ལས་དོན་སྔོན་ན་སྒྲུབ་པ་དང་། གནད་དོན་མ་བྱུང་སྔོན་ལ་སེལ་དགོས། ཡུལ་དངོས་བཀོད་སྒྲིག་དང་སྣེ་ལེན་ཞབས་ཞུ། འགྲིམ་འགྲུལ་ལམ་སྟོན། ཁོར་ཡུག་གཙང་སྦྲ། ཟས་སྡོད་བཀོད་སྒྲིག་སོགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ལ་ཞིབ་མོས་བསམ་བློ་བཏང་ནས་རྩ་འཛུགས་ལེགས་པོ་བྱེད་དགོས། བདེ་འཇགས་དང་བག་ཕེབས། དྲོད་ཁོལ་ལྡན་པའི་ཁོར་ཡུག་གིས་ཕྱོགས་བཞིའི་མགྲོན་པོ་བསུ་དགོས། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཚན་གྱིས་མཐོང་ཆེན་བྱས་ནས་ལས་དོན་མཉམ་འབྲེལ་དང་ལེགས་ཐོག་ལེགས་འཚོལ་གྱིས་གྲ་སྒྲིག་ལས་དོན་སྒྲུབ་ནས། ཁྱད་ཆོས་ལྡན་པ་དང་ཕན་ནུས་ཡོད་པ། ཆུ་ཚད་ལྡན་པའི་བྱ་འགུལ་སྤེལ་བར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།