ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ཕུ་འདའ་མཚོའི་སྟོན་ལྗོངས་མཛེས་ཤིང་སྡུག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།


1.png

སྟོན་མཇུག་གི་ཕུ་འདའ་མཚོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཁའི་རྫོགས་ལྡན་དུས་ཚིགས་སླེབས་པ་དང་བསྟུན། ཡུན་ནན་སེམས་ཀྱི་ཉི་ཟླའི་ཕུ་འདའ་མཚོ་སྤྱི་གླིང་ལྗོངས་ཁུལ་དུ་སྟོན་ཁའི་རྣམ་པ་ཤར་ནས། རི་ཀླུང་ཀུན་དང་གྲོག་རོང་ནང་། རི་སུལ་ཁྲོད་དུ་ཁ་མདོག་རྣམ་པར་བཀྲ་བའི་གཟབ་ཆས་སྤྲས་པ་དང་མཚུངས། ཞོ་རྡོ་མཚོའི་ཆུ་བོ་སྔར་བཞིན་དྭངས་ཤིང་གསལ་ལ། ཀྱག་ཀྱོག་གི་འཕྲང་ལམ་བརྒྱུད་ནས་ནགས་གསེབ་དུ་བརྒྱུད་དུས་རི་ཀླུང་ཀུན་དང་ནགས་མཚོའི་རླབས་སྒྲས་མི་སེམས་དབང་མེད་དུ་འགུགས་ཐུབ།

ཕུ་འདའ་མཚོའི་མཛེས་ལྗོངས་ཁུལ་ནི་ཡུན་ནན་ནུབ་བྱང་རྒྱུད་ཀྱི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་གནས་ཁུལ་དུ་གནས་པ་དང་། དེ་རུ་མཚོ་དང་མཚེའུ། བརླན་ས། ནགས་ཚལ་སྤང་ཁུལ། གྲོག་རོང་གཙང་ཆུ། རྩ་ཆེན་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་སོགས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུང་ཡོད་པས། ས་གནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནོར་མཛོད་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གསར་སྤེལ་ཟུང་འབྲེལ་གྱི་དམིགས་ཡུལ་མངོན་འགྱུར་བྱུང་ཆེད། ས་གནས་ཀྱིས་ཡུལ་སྐོར་ཕན་འབྲས་ཀྱིས་གཞིས་ཁུལ་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་པའི་བྱེད་ཐབས་ཀྱིས་སྡོད་དམངས་ཀྱིས་སྲོལ་རྒྱུན་གྱི་སྐྱེ་དངོས་ཐོན་ཁུངས་ཟད་གྲོན་གཏོང་བའི་འཚོ་སྡོད་ཐབས་སྒྱུར་བར་སྣེ་ཁྲིད་བྱས་ནས། ཚན་རིག་དང་མཐུན་པའི་མཚོན་བྱེད་ལམ་བྱང་དང་འགྲེལ་རྒྱག་མ་ལག་བཙུགས་ནས་ཡུལ་སྐོར་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་བས། མཐོ་སྒང་གི་བརླན་སའི་མ་ལག་ལ་གནོད་སྐྱེལ་བའི་རིགས་ཉུང་དུ་ཕྱིན། མིག་སྔར་སྤྱི་གླིང་ནང་གི་བརླན་ས་དང་ནགས་ཚལ་སྔོ་ཁེབས90%རང་བྱུང་སྐྱེ་ཁམས་སླར་གསོ་བྱུང་བས་ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་གནས་དེར་ཡོང་ནས་རང་བྱུང་ཁམས་ཉམས་སུ་མྱོང་བར་བཀུགས་ཡོད། །

2.png

སྟོན་མཇུག་གི་ཕུ་འདའ་མཚོ།

3.png

སྟོན་མཇུག་གི་ཕུ་འདའ་མཚོ།

4.png

སྟོན་མཇུག་གི་ཕུ་འདའ་མཚོ།

1.png

སྟོན་མཇུག་གི་ཕུ་འདའ་མཚོ།

2.png

སྟོན་མཇུག་གི་ཕུ་འདའ་མཚོ།

3.png

སྟོན་མཇུག་གི་ཕུ་འདའ་མཚོ།

4.png

སྟོན་མཇུག་གི་ཕུ་འདའ་མཚོ།


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།