ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མ་ཟླ10བའི་ཚེས29ཉིན་འཚོགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཟླ10བའི་ཚེས29ཉིན་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མ་འཚོགས་ནས། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་མིང་རྟགས་གཏོད་པ་དང་བདེ་ཆེན་ཁུལ་གྱིས་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་སྐྲུན་པར་རམ་འདེགས་བྱ་རྒྱུ་རེད།

1.png

ཁྱབ་བསྒྲགས་ཡུལ་དངོས།

ངོ་སྤྲོད་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གཟབ་རྒྱས་ལྡན་པའི་མགོ་ཚུགས་མཛད་སྒོ་སྤེལ་ཏེ་མི་རིགས་གླུ་གར་གྱི་ལོ་རྒྱུས་བརྗོད་པའི་ཟློས་གར《རྨི་ལམ·འཛམ་གླིང་གི་སེམས་ཀྱི་ཉི་ཟླ》ཞེས་པ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་དང་། ཏ་ལི་ལི་ཅང་དང་བདེ་ཆེན་གྱིས་མཉམ་འབྲེལ་སྒོས་ཡུན་ནན་ནུབ་བྱང་ཡུལ་སྐོར་ལ་སྐུལ་འདེད་བྱེད་པའི་སྤུས་ཚད་མཐོ་བའི་རྣམ་སྒྱུར་རིམ་མཐོའི་ཐེངས་དང་པོའི་མཉམ་སྒྲུབ་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས། ཡུལ་སྐོར་པ་བརྒྱ་ཕྲག་ལྷག་རྩ་འཛུགས་བྱས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་བསྐྱོད་དེ་རིགས་སོ་སོའི་ཕུན་སུམ་ཚོགས་པའི་རིག་གནས་རོལ་མྱོང་དང་འཁྲབ་སྟོན་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་དང་། རིམ་པ་མང་བ་དང་ཕྱོགས་ཡོངས་ནས་སྟོན་པ་དང་། འགྲེལ་བཤད་བཅས་ཀྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་མངོན་པར་བྱ་རྒྱུ་མ་ཟད། རང་བྱུང་གི་མཛེས་ལྗོངས་དང་མི་ཆོས་མཛེས་པ། འཆམ་མཐུན་གྱི་མཛེས་པ་བཅས་མངོན་ནས་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་མིང་རྟགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་རེད།

2.png

བདེ་ཆེན་གྱི་མཛེས་ལྗོངས།

བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་སྔར་ལས་ལྷག་པའི་ངང་འཕེལ་རྒྱས་སུ་གཏོང་ཆེད། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས“ཡུལ་སྐོར་པ་གཙོ་བོར་འཛིན་པ”དང་ཐོན་ཁྲེང་ཡུལ་སྐོར། བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས་གཙོ་བོ། ལས་རིགས་མཐུན་ཚོགས་སོགས་དང་མཉམ་འབྲེལ་གྱིས། དགུན་དུས་ཡུལ་སྐོར་རིང་ཐུན་མོང་གིས “དགུན་དུས་ཀྱི་སེམས་ཀྱི་ཉི་ཟླ”ཞེས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་འདོན་རྒྱུ་ཡིན་ལ། དུས་དེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པར་ཁ་གཏད་དེ་རིན་ཐང་སྒོར་ཁྲི1000གི“དགུན་དུས་སེམས་ཀྱི་ཉི་ཟླའི”འཛད་བྱང་སྤྲད་དེ་རྒྱ་ཆེའི་མང་ཚོགས་ཀྱི་འཛད་སྤྱོད་བརྩོན་སེམས་ལ་སྐུལ་སློང་བྱ་རྒྱུ་རེད། 

3.png

བདེ་ཆེན་གྱི་མཛེས་ལྗོངས།

གཞན་ཡང་། བདེ་ཆེན་ཁུལ་ཚོང་དོན་ཅུའུ་ཡིས2023ལོའི་ཟླ10བ་ནས་ཟླ12པའི་བར་ཁུལ་ཡོངས་ནས“ཟས་རིགས་གཟིགས་སྐྱོང”བརྗོད་དོན་གཙོ་བོར་འཛིན་པའི་བཟའ་བཏུང་འཛད་སྤྱོད་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་དང“སེམས་ཀྱི་ཉི་ཟླ་ནས་འཛད་སྤྱོད་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོའི་འཛད་བྱང་སྤྲོད་པའི་བྱ་འགུལ་སྤེལ་ནས་སྔར་ལས་ལྷག་པའི་ངང་འཛད་སྤྱོད་མངོན་མེད་ནུས་ཤུགས་སྔོག་འདོན་གྱིས་འཛད་སྤྱོད་གསོན་ཤུགས་ཕྱིར་གཏོང་པ་དང་། འཛད་སྤྱོད་གཞི་ཁྱོན་རྒྱ་ཇེ་ཆེར་བཏང་ནས་བདེ་ཆེན་ཁུལ་ཡོངས་ཀྱི་སྡེབ་འཚོང་དང་སིལ་འཚོང་། བཟའ་བཏུང་། ཞག་སྡོད་ཁེ་ལས་ལས་གཉེར་ཡོང་འབབ་ཆ་སྙོམས་ཀྱིས་འཕར་བཞིན་ཡོད། །

4.png

བདེ་ཆེན་གྱི་མཛེས་ལྗོངས།


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།