ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནགས་ཕག་མཚོའི་བརླན་ས་ཡིས་ད་ལོའི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་བསུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

2.png

3.png

4.png

འདི་ནི་ད་ལོའི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་ནགས་ཕག་མཚོ་རུ་སླེབས་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོའི་བརླན་ས་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡིན་ལ། ཟླ10པའི་ཚེས9ཉིན། ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ལས་མིས་ཉིན་རྒྱུན་སྐོར་ཞིབ་ཁྲོད་ཁྲུང་ཁྲུང་སྐེ་ནག5ལྟ་ཞིབ་ཚད་འཇལ་ཐུབ་པ་བྱུང་། ལས་དོན་མི་སྣས་གཏན་འབེབས་བརྒྱུད། དེ་དག་ནི་ད་ལོར་ནགས་ཕག་མཚོ་རྒྱལ་སྤྱི་བརླན་ས་གལ་ཆེན་གྱིས་བསུས་པའི་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་ཡིན་པ་རྟོགས།

ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་དབུས་རྒྱུད་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་ཁྱུ་ཚོགས་ཀྱི་འཚོ་སྡོད་གནས་གཙོ་བོ་ཡིན། ཁྱུ་ཚོགས་དེས་མཚོ་སྔོན་ཤར་ལྷོ་རྒྱུད་དང་སི་ཁྲོན་ནུབ་རྒྱུད་དུ་ཕྲུ་གུ་གསོས་ཤིང་། ཁྲུང་ཁྲུང་སྐེ་ནག་དེ་དག་ཡུན་ནན་ནུབ་བྱང་རྒྱུད་ཀྱི་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་སོགས་ཀྱི་བརླན་ས་རུ་དགུན་སྒྲོལ་བྱེད་པ་དང་། ཉེ་བའི་ལོ་འགའི་རིང་གི་ལྟ་ཞིབ་ཚད་འཇལ་མཇུག་འབྲས་ལས་མངོན་པ་ལྟར་ན། ནགས་ཕག་མཚོ་ཡི་ཁྲུང་ཁྲུང་སྐེ་ནག་རྒྱུན་པར་ཟླ9པའི་ཟླ་མཇུག་དང་ཟླ10པའི་ཟླ་སྟོད་དུ་རིམ་བཞིན་འཕུར་ཡོང་ནས་སང་ལོའི་ཟླ5པར་དགུན་སྒྲོལ་མཇུག་རྫོགས་པས། དགུན་སྒྲོལ་དུས་ཚོད་མངོན་གསལ་གྱིས་གནས་གཞན་ལས་རིང་བ་རེད། ནགས་ཕག་མཚོ་བརླན་སར་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་བརྟན་པོའི་ངང་འཕར་བཞིན་ཡོད། 2022ལོ་ནས2023བར་གྱི་དགུན་སྒྲོལ་དུས་ཚིགས་ལ་གྲངས་འབོར་འཕར་ནས510ཟིན་ཡོད།

ལྟ་ཞིབ་ཚད་འཇལ་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་ཁ་ཤས་དགུན་སྒྲོལ་བྱས་ནས་དབྱར་དུས་འཚོ་སྡོད་ཕྱོགས་སུ་སྒྱུར་བ་དང་། དེས་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དེའི་ཁོར་ཡུག་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ནས་ཁྲུང་ཁྲུང་སྐེ་ནག་ལ་དགུན་སྒྲོལ་དང་དབྱར་བརྒལ་བྱེད་པའི་ཁོར་ཡུག་སྤུས་ལེགས་སྐྲུན་པ་མཚོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།