ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཆེན་གཉིས་ཀྱི་ཉིན་སྔོན་མ་གསུམ་གྱི་རིང་བདེ་ཆེན་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི41.90སྣེ་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129861417_16946113815761n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཚད་ལེན་ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད། ཟླ9བའི་ཚེས29ནས་ཟླ10པའི་ཚེས1ཉིན་བར་དུ་བདེ་ཆེན་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི41.90སྣེ་ལེན་བྱས་པ་དང་དུས་མཉམ་ལས92.82%འཕར་ཞིང་། 2019ལོ་ལས67.54%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི24438.50ཟིན་ནས་དུས་མཉམ་ལས93.69%དང2019ལོ་ལས57.79%འཕར་ཡོད། 

སྟོན་མཇུག་གི་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་རི་ཀླུང་ཀུན་ཏུ་ཁ་མདོག་རྣམ་པར་བཀྲ་ཞིང་། མཐོ་སྒང་གི་སྤང་ཁུལ་དང་གདོད་མའི་ནགས་ཚལ། མཚོ་དང་མཚེའུ། བརླན་ས་བཅས་ཀྱིས་ཐུན་མོང་མ་ཡིན་པའི་རི་མོ་ཞིག་ངང་གིས་གྲུབ་ཡོད། ཞོ་རྡོ་མཚོའི་འཕྲང་ལམ་ཐོག་ཏུ་ཡུལ་སྐོར་པ་ཤིན་ཏུ་མང་། “ང་ནི་ཐེངས་དང་པོར་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་བྱེད་དུ་ཡོང་ལ། སེམས་ཀྱི་ཉི་ཟླས་ང་ལ་འདིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པ་དང་རི་སྔོ་ཆུ་དྭངས་ཡིན་པས་ཡུལ་སྐོར་གནས་མཆོག་ཡིན་པའི་ཚོར་སྣང་ཞིག་སྦྱིན”ཞེས་ཡུལ་སྐོར་པ་ཞིག་གིས་དེ་ལྟར་བརྗོད།

W020230911532375667525.jpg

རྒྱུས་ལོན་པ་ལྟར་ན། འགྲུལ་རྒྱུན་ཤིན་ཏུ་མང་བའི་དུས་ལ་ཁ་གཏད་ཆེད། མཛེས་ལྗོངས་ཁུལ་གྱིས་སྒེའུ་ཁུང་དང་ལས་ཡུལ་དང་པོའི་ཞབས་ཞུ་མི་སྣའི་ཚད་གཞི་གསོ་སྦྱོང་དང་། ཁ་ལོ་བ་དང་བདེ་འཇགས་པ། འགྲེལ་རྒྱག་མཁན་གྱི་དཔུང་ཁག་ཁ་སྣོན་བརྒྱབ་ནས་སློབ་ཆེན་སློབ་མའི་དང་བླངས་པ40གདན་འདྲེན་ཞུས་ནས་ཞབས་ཞུའི་དཔུང་ཁག་བཙུགས་ཏེ་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་མཁན་གྱི་འགན་ཁུར་པ་རེད། གཞན་ཡང་མཛེས་ལྗོངས་ཁུལ་གྱི་ཤེས་རིག་ཅན་གྱི་འཛུགས་སྐྲུན་དང་། སྒེའུ་ཁུང་ནས་པ་སེ་ཉོ་བ། གཞུང་དྲ་བརྒྱུད་ནས་པ་སེ་ཉོ་བ། བྱ་རིམ་ཆུང་བ་བརྒྱུད་ནས་པ་སེ་ཉོ་བ་སོགས་ཀྱི་པ་སེ་ཉོ་བའི་བགྲོད་ལམ་མང་པོ་ལ་ཤུགས་སྣོན་པ་དང་། མཛེས་ལྗོངས་ཁུལ་སྐོར་གྱི་བློ་འདྲི་དང་གཏུག་བཤེར་ཁ་པར་དུས་ཚོད 24ལ་ཤར་གཏོང་བྱས་ནས་ཡུལ་སྐོར་པ་ཚོར་རིགས་སོ་སོའི་ལྟ་སྐོར་བློ་འདྲི་ཞབས་ཞུ་མཁོ་འདོན་བྱས་ཏེ། གུང་གསེང་རིང་གི་ཡུལ་སྐོར་པའི་གཏུག་བཤེར་གནད་དོན་ཐག་གཅོད། དེ་དང་ཆགས་ཅིག་ཏུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་ཐར་ཐོར་རིགས་ལ་མཚོ་གྲུའི་གཟིགས་སྐྱོང་དང་མ་བུ་ཡུལ་སྐོར་པ་སེའི་རིན་གོང་གཅོག་པའི་སྲིད་ཇུས་བཏོན་པས། དུས་ཆེན་གཉིས་ཀྱི་ཉིན་སྔོན་མ་གསུམ་གྱི་རིང་ལ་ཕུ་འདའ་མཚོ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི20113སྣེ་ལེན་བྱས།

“པོ་ཏ་ལ་ཆུང་བ”དང“བོད་རིགས་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང”གི་མཚན་སྙན་ལྡན་པའི་དགའ་ལྡན་སུམ་རྩེན་གླིང་དགོན་དུ་མི་ཤིན་ཏུ་མང་ལ། ཡུལ་སྐོར་པ་མི་ཉུང་པ་ཞིག་གིས་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་དགའ་དགའ་སྤྲོ་སྤྲོས་མཛེས་ལྗོངས་ཁུལ་གྱི་དགོན་པའི་གསེར་ཏོག་དང་གྱང་སེར་པོ་འོག་ཏུ་པར་རྒྱག་བཞིན་ཡོད། མཛེས་ལྗོངས་ཁུལ་ཕྱི་རོལ་དུ་རླངས་འཁོར་དང་འགྲུལ་བཞུད་རྒྱུན་ཆད་མེད་པ་དང་། རླངས་འཁོར་འདུག་ས་དང་གཞུང་ལམ་འགྲམ་རྒྱུད་དུ་རྒྱལ་ཁབ་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་འཁོར་གཏོང་ཡུལ་སྐོར་པའི་རླངས་འཁོར་གྱིས་ཁེངས་ཡོད་ལ། ཉེན་རྟོག་པ་དང་མཛེས་ལྗོངས་ཁུལ་གྱིས་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་འགྲིམ་འགྲུལ་མཛུབ་སྟོན་བྱེད་བཞིན་ཡོད། མཛེས་ལྗོངས་ཁུལ་ནང་དུ་ཡུལ་སྐོར་པ་ཤིན་ཏུ་མང་ལ་རླངས་འཁོར་འདུག་པའི་དུས་སླེབས་པ་དང་གྲལ་རིང་པོ་སྒྲིག་ནས་སྒུག་ཡོད། ལས་བོན་མི་སྣས་བྲེལ་འཚུབ་ངང་ཡུལ་སྐོར་པ་ཚོར་མཛུབ་ཁྲིད་བྱས་ནས་པ་སེ་ཞིབ་བཤེར་བརྒྱུད་དེ་རླངས་འཁོར་འདུག་ཏུ་འཇུག་བཞིན་ཡོད། “མི་ཤིན་ཏུ་མང་བས། གུང་གསེང་རིང་ལ་ཞོགས་པའི་དུས་ཚོད7ནས་མཚན་མོའི་དུས་ཚོད7བར་ད་དུང་ཡུལ་སྐོར་པ་ཡར་མར་རྒྱུ་བཞིན་ཡོད”ཅེས་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་ཞིག་གིས་གསར་འགོད་པར་དེ་ལྟར་བརྗོད།

1129861417_16946113815761n.jpg

སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱི་སྤྱི་གཉེར་པ་གཞོན་པ་སུང་ཅན་ཧོང་གིས། ཞབས་ཞུ་འགན་སྲུང་ལས་དོན་གང་ལེགས་སྒྲུབ་ཆེད་མཛེས་ལྗོངས་ཁུལ་ཀུང་སིའི་ལས་དོན་མི་སྣ་ཚང་མས་ལས་གནས་གཏན་སྲུང་གིས་སྤྱི་གཉེར་གཞུང་སྒྲུབ་ཁང་ནས་ཡུལ་དངོས་སུ་བསྐྱོད་དེ“དྲ་རྒྱ་ཅན་གྱི་དོ་དམ”འགན་ཁུར་ལམ་ལུགས་ལག་བསྟར་དང་། མཛེས་ལྗོངས་ཁུལ་དུ་གནས་སྐབས་ཀྱི་པ་སེ་ཉོ་ས་བཙུགས་ཏེ་ཁག་བགོས་དང་དུས་གཡོལ་ལག་བསྟར་བྱས་པ་མ་ཟད། དེ་དང་ཆབས་ཅིག་ཏུ་དྲོས་ཇའི་ངལ་གསོ་དུས་ཚོད་བླངས་ནས་ལས་དོན་མི་སྣར་དྲོས་ཇ་མཁོ་འདོན་བྱས་ནས་སྔར་ལས་ལྷག་པོས་ཡུལ་སྐོར་པར་ཞབས་ཞུ་བསྒྲུབས།  

1129861417_16946113815761n.jpg

“སུམ་རྩེན་གླིང་དགོན་པའི་མཛེས་ལྗོངས་ཧྲིལ་བོ་མཐོང་ཚེ། དེ་ནི་རྔམ་བརྗིད་ལྡན་པ་ཞིག་ཡིན་ལ། ང་ཚོས་ད་དུང་ས་གནས་བོད་ལྭ་གྱོན་ནས་པར་མང་པོ་བླངས་པས་ཚོར་སྣང་སྐྱིད་པོ་བྱུང”ཞེས་ཧྲན་ཏུང་ནས་ཡོང་བའི་ཡུལ་སྐོར་པ་བུད་མེད་ཅིག་གིས་དེ་ལྟར་བརྗོད། ཡང་མོ་ཡིས“ང་ཚོ་མཛེས་ལྗོངས་ཁུལ་དུ་ཐོན་སྐབས་དྲོས་ཇའི་དུས་ཚོད12ཙམ་ཡིན་ལ། ལས་དོན་མི་སྣ་ཚང་མ་ད་དུང་ངལ་གསོས་མེད་པ་མ་ཟད། བཟོད་སེམས་ལྡན་པའི་སྒོ་ནས་ང་ཚོར་སྣེ་ཁྲིད་པས་དྲོད་ཁོལ་ལྡན་པ་ཞིག་ཡིན”ཟེར། རྒྱུས་ལོན་པ་ལྟར་ན། གུང་གསེང་གི་སྔོན་གྱི་ཉིན་གསུམ་པར་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། སོ་སོར་མི་ཐེངས4300དང8200། 14400བཅས་ཡིན། 

ཉེ་ཆར། སྟག་མཆོང་འགག་མཛེས་ལྗོངས་ཁུལ་དུ་ཡང་ཡུལ་སྐོར་པ་ཤིན་ཏུ་མང་ལ། རྣམ་གྲངས་སོ་སོའི་ཡུལ་སྐོར་སྣེ་ལེན་དམིགས་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། “མིག་སྔར་ཡུལ་སྐོར་པའི་མི་གྲངས་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་དེ་ལྟར་ངོ་སྤྲོད་བྱས། གུང་གསེང་གི་ཉིན་སྔོན་མ་གསུམ་ལ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི3.11སྣེ་ལེན་བྱས། །  

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།